ལི་ཁེ་ཆང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པོ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-08


         སྤྱི་ཟླ་9པའི་ཚེས་7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཝན་ཐེན་གྱི་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པོ་ལ་མཇལ་འཕྲད་གནང་། 
        ལི་ཁེ་ཆང་གིས་ཀྲུང་གོ་དང་མ་ལེ་ཞི་ཡ་ནི་ཁྱིམ་མཚེས་བཟང་པོ་དང་ཕན་ཚུན་ལ་ཡིད་ཆེས་ཡོད་པའི་མཉམ་ལས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ཞིང་ཁྱབ་ཁོངས་གལ་ཆེན་དག་གི་མཉམ་ལས་བདེ་བླག་ངང་སྤེལ། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་ལ། མུ་མཐུད་དུ་མ་ལེ་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན། 
        ན་ཅི་པོ་ཡིས་མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བའི་རྨང་གཞི་བརྟན་ཞིང་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས། མེ་ལེ་ཞི་ཡའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡའི་རྨང་གཞི་སྒྲིག་བཀོད་དང་བཟོ་ལས་གླིང་ཁུལ་སོགས་ལས་གཞིའི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་དངུལ་རྩའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ངེས། མ་ལེ་ཞི་ཡའི་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་པ་ཆེན་པོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་དང་མཉམ་ལས་སྔར་ལས་ལེགས་པར་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1