ལི་ཁེ་ཆང་གིས་ལ་ཝོ་སིའི་མི་དམངས་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-09


        སྤྱི་ཟླ་9པའི་ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཝན་ཐེན་དུ་ལ་ཝོ་སིའི་མི་དམངས་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་མཇལ་འཕྲད་གནང་། 
        ལི་ཁེ་ཆང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པིན་དབྱང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་གནང་། ལི་ཁེ་ཆང་གིས་ཀྲུང་གོ་དང་ལ་ཝོ་སི་ཡིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་རེད།  ཀྲུང་གོའི་ཕྱོགས་ནས་ལ་ཝོ་སིའི་གསར་བརྗེའི་ལས་དོན་ལ་མུ་མཐུད་དུ་གྲུབ་འབྲས་ཆེན་པོ་ལེན་པར་སྨོན་འདུན་ཞུ་བཞིན་ཡོད། དེ་མིན་ལ་ཝོ་སི་དང་མཉམ་དུ་སྲོལ་རྒྱུན་མཛའ་འབྲེལ་སྲ་བརྟན་དུ་གཏང་འདོད་པར་མ་ཟད། མཐོ་རིམ་འགྲོ་འོང་དང་རྒྱལ་སྐྱོང་སྲིད་འཛིན་ཀྱི་ཉམས་མྱོང་བརྗེ་རེས། དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བོར་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པར་སྐལ་འདེད་གཏང་འདོད་ཅེས་བསྟན།
        པིན་དབྱང་གིས་ཙུང་ལི་ལི་ཁེ་ཆང་གི་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་ལ་ཝོ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་སྔར་ལས་སྲ་བརྟན་དང་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྒུལ་ཤུགས་གསར་པ་ཞིག་བསྣན་པ་དང་།  ལ་ཝོ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་གཏིང་ཟབ་པ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་དམ་ཟབ་ཡིན་པར་མ་ཟད། དཔལ་འབྱོར་དང་མི་ཆོས། རྒྱལ་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད། དེ་མིན་ལྕགས་ལམ་དང་མཁའ་འགྲུལ་སོགས་ལས་གཞི་གལ་ཆེན་ཐད་ཀྱི་མཉམ་ལས་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ལ། ཀྲུང་གོའི་ཕྱོགས་ནས་ལ་ཝོ་སིས་རྒྱལ་ཁའི་ངང་ནས་ཨེ་ཤ་ཡའི་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས་འཚོགས་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1