ལིའུ་ཁྲེན་མིང་རྟའུ་དང་བྲག་འགོའི་གཞི་རིམ་གྱི་དགེ་རྒན་འཐུས་མི་རྣམས་ལ་འཚམས་འདྲི་གནང་པར་ཕེབས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 09-12



         སྤྱི་ཟླ་9པའི་ཚེས་10ཉིན།  དཀར་མཛེས་ཁུལ་ཏང་ཨུ་ཧྲུའུ་ཅི་ལིའུ་ཁྲེན་མིང་རྟའུ་དང་བྲག་འགོ་རྫོང་དུ་གཞི་རིམ་གྱི་དགེ་རྒན་འཐུས་མི་རྣམས་ལ་འཚམས་འདྲི་གནང་པར་ཕེབས།  ཁོང་རྣམ་པས་དཀར་མཛེས་བོད་རིགས་ས་ཁུལ་གྱི་སློབ་གསོ་ལས་རིགས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པའི་དགེ་རྒན་དང་སློབ་གསོ་ལས་བྱེད་པ་རྣམས་ལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འཚམས་འདྲི་གནང་།  ལིའུ་ཁྲེན་མིང་གིས་རྒྱལ་ཆེ་བའི་དགེ་རྒན་རྣམས་ཀྱིས་གོམ་གང་མདུན་སྤོས་སྒོས་ལས་གནས་ལ་དགའ་ཞིང་སློབ་ཁྲིད་ལ་སྤྲོ་བ་དང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་མུ་མཐུད་དུ་དཀར་མཛེས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་སྔར་ལས་མང་པའི་འཇོན་མི་གསོ་སྐྱོང་བྱ་དགོས་ཞེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1