རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་སློབ་ཆུང་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


 
         གསེར་དེའུ་སློབ་ཆུང་ནི་ཁྱུང་མཆུ་རྫོང་གསེར་དེའུ་ཡུལ་ཚོའི་གྲོང་རྡལ་ནང་དུ་ཆགས་ཡོད། དེ་རྫོང་མཁར་ནས་བྱང་ཤར་ཕྱོགས་སུ་སྤྱི་ལེ་༡༠༢ཀྱི་ས་མཚམས་སུ་ཡོད་པ་དང་།  ཤར་ཟུང་ཆུ་དང་འབྲེལ་ཞིང་བྱང་མཛོ་དགེ་དང་འབྲེལ་བའི་རྫོང་གསུམ་འབྲེལ་མདོ་རུ་ཡོད། 
 
         ༡༩༥༩་ལོའི་ཟླ་༤བར།    རུ་ཤུལ་ནས་སློབ་གྲྭ་ཞིག་བཙུགས་ཤིང་།  ལོ་དེའུ་ཟླ་བརྒྱད་པར་རོང་མཐའ་མ་ནས་ཡང་སྦྲ་གུར་སློབ་ཆུང་ཞིག་བཙུགས་པ་དང་འདམ་ལུང་ནས་ཡང་སློབ་གྲྭ་ཞིག་བཙུགས་པ་རེད།   ༡༩༦༠ལོར་སློབ་གྲྭ་གསུམ་པོ་གཅིག་གྱུར་བྱས་ཏེ་གསེར་དེའུ་སློབ་ཆུང་ཞེས་མིང་གསར་དུ་བཏགས་ནས་ད་ལྟའི་སློབ་གྲྭ་འདི་ཐོག་མར་བཙུགས་པར་བཤད།།
 
         གསེར་དེའུ་ནི་རྗོང་ཡོངས་ལས་མི་གྲངས་ཆེས་མང་བའི་འབྲོག་སྡེ་ཞིག་ཡིན་ལ།   སྡེ་བ་ཡོངས་ལ་མི་གྲངས་ཁྱོན་ ༧༠༠༠ལྷག་ཡོད།  སློབ་ལོ་རན་པའི་བྱིས་པའི་ནང་ནས་ད་ལྟ་ང་ཚོའི་སློབ་གྲྭ་འདིར་ཁྱོན་སློབ་མ་༥༣༠ལྷག་ཡོད་པ་དང་དགེ་རྒན་དང་ལས་བཟོ་བ་༤༢ཡོད། 
 
          ངེད་སློབ་གྲྭ་སློབ་བསྒྲུབས་གདམས་ངག  བྱམས་སྐྱོང་གནང་།     འགན་འཁྲི་འཁུར།     ལྷག་བསམ་སྤྱོད།   དཔེ་ཀློག་བགྱི།       བསམ་གཞིག་བྱེད།      དཔྱོད་ཤེས་འཚོལ།     དཀྱེལ་ཡངས་བྱ།   རྒྱུ་འབྲས་སྲུང་།        དྲང་བདེན་སྐྱོང་།
 
¬¬༼ ཆ་འཕྲིན་ལག་རྩལ་སློབ་ཁང་། ༽
 
 
¬༼  ངེད་སློབ་གྲྭའི་བར་རྒྱུགས་སྐབས་ཀྱི་རྒྱུགས་ཤོག་ཕུད་པའི་གོ་རིམ་དང་སྒྲིག་ལམ། ༽
 
 
༼ངེད་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་དུས་ཚོད་ཕུད་ནས་དཔེ་ཀློག་བགྱི་བཞིན་པ།༽
          ད་ལྟ་ངེད་གསེར་དེའུ་སློབ་ཆུང་ནི་ཁུལ་དང་རྫོང་རིམ་པའི་སློབ་གྲྭ་སོ་སོ་ནས་རྨང་གཞིའི་སློབ་གསོ་དང་སློབ་ཁྲིད་རྐང་རྩ།  སློབ་བསྒྲིབས་དོ་དམ་སོགས་ཁྱད་འཕགས་ཅན་དང་སྔོན་ཐོན་ཅན་དུ་འགྱུར་བཞིན་ཡོད་པས་སློབ་གྲྭ་གཞན་པ་ནས་སློབ་གྲའི་འགོ་ཁྲིད་དང་དགེ་རྒན་རེ་རེ་བཞིན་སློབ་སྦྱོང་དང་གཟིགས་ཞིབ་དུ་རྒྱུན་དུ་ཕེབས་ཀྱིན་ཡོད།  
      སློབ་གྲྭའི་སློབ་གསོའི་སྤུས་ཚད་དང་རྒྱུན་བཀོལ་གྱི་དོ་དམ་ཉིན་རེ་བཞིན་ཇེ་ལེགས་དང་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པས་བྱང་ཚད་སློབ་གསོ་ཡང་ཡར་རྒྱས་ཡར་དར་བྱུང་ཡོད།  ངེད་སློབ་གྲྭས་མཐའ་གཅིག་ཏུ་རྩྭ་ཐང་གི་མི་རབས་གསར་བར་ཚེ་སྲོག་གི་གཟི་དཔལ་འདྲ་མིན་ཞིག་སྩོལ་བར་འབད་པ་བྱེད་བཞིན་ཡོད།
 
༼སློབ་གསེང་གི་བར་སྐབས་ནས་སྐོར་བྲོ་འཁྲབ་བཞིན་པ།༽
 
 
  
༼  དྲུག་གཅིག་གི་མཛེས་རིས།༽
 
  
 
༼ དགེ་སློབ་ཟུང་འབྲེལ་ཚོགས་ཐུན་དང་སྤྱི་བསྒྲགས་ཚོགས་ཐུན་གྱི་རྣམ་པ།༽
 
  
 
༼སྙན་ངག་གྱེར་འདོན་དང་རྒྱལ་སྤྱིའི་དཔེ་ཀློག་དུས་ཆེན་དྲན་གསོའི་རྣམ་པ༽
 
 
༼ཁྱིམ་བདག་ཟུང་འབྲེལ༽
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1