རང་རེའི་ཞིང་ཆེན་གྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་བློ་འདྲི་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-13


        སྤྱི་ཟླ་9པའི་ཚེས་12ཉིན། ཞིང་ཆེན་སྲིད་གཞུང་གིས་ཁྲེན་ཏུའུ་ནས་ལྗང་མདོག་ཐོན་ལས་ཕེལ་རྒྱས་ཀྱི་བློ་འདྲི་ཚོགས་འདུ་འཚོགས།  ཚོགས་འདུའི་སྟེང་རྒྱལ་ཁབ་ཀྱི་པུའུ་ཨུ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ། འབྲེལ་ཡོད་ཀྱི་ཆེད་མཁས་པ་གདན་འདྲེན་བྱས་ཏེ། སི་ཁྲོན་གྱི་ལྗང་དོག་འཕེལ་རྒྱས་གཏོང་བའི་ཐད་དུ་ཇུས་འགོད་བློ་འདོན་བྱེད་དུ་བཅུག་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་ཚོགས་ཐོག་དུ་བཞུགས་པར་མ་ཟད། བསམ་འཆར་དང་གྲོས་གཞིར་གསན། 
        ཚང་མས་སི་ཁྲོན་གྱི་བཏོན་པའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་གཏན་འབེབ་དེ་ལ་ཁྱད་ཆོས་མངོན་གསལ་ལྡན་ཡོད་པས། ས་ཁོངས་འཕེལ་རྒྱས་གཏོང་བའི་བར་སྟོང་འཐུས་ཚང་དང་། ས་གནས་སོ་སོ་ཡི་ནུས་པ་གཙོ་བོའི་ཐོན་ཁུལ་གསལ་བོ་བྱས་པ་དང་། རང་བྱུང་ནུས་ཁུངས་གི་ཐོན་སྐྱེད་དབང་ཆའི་ལམ་ལུགས་དང་སྤྱོད་སྒོའི་དོ་དམ་ལམ་ལུགས་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་པ། གཙོ་གནད་དམ་འཛིན་བྱས་ནས་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་འགན་འཁྲིའི་བསམ་བློ་དང་བྱེད་ཐབས་ལེགས་པོ་ཁག་རྣག་ཐོག་ཁབ་གཙེག་ལྟར་གནད་ཐོག་ཏུ་འཁེལ་བའི་སྒོ་ནས་དོན་འཁྱོལ་ཡོང་བ་བྱ་དགོས་པར་འདོད། དེ་མིན་མཁོ་འདོན་ལོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་གྱིས་ལྗང་མདོག་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་ལྗང་མདོག་ཅན་གྱི་ཐོན་ལས་གཞི་རྒྱུ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བར་སྲུང་སྐྱོང་བྱེད་པར་ཁྲིམས་འཛུགས་པ་དང་ཁྲིམས་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རིག་མཛོད་འཛུགས་པ། ཧུར་ཐག་གིས་ལྗང་མདོག་འཕེལ་རྒྱས་གཏོང་བའི་དངུལ་རྩ་སོགས་ཁྱོན་ཡོངས་ལ་གྲོས་ཞིབ་གནང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1