སྐབས་གསུམ་པའི་ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་འཚོགས་འདུའི་འགྲེམ་སྟོན་ཁང་དངོས་སུ་སྒོ་ཕྱེས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-13


        སྤྱི་ཟླ་9པའི་ཚེས་11ཉིན་གྱི་སྔ་དྲོར།  སྐབས་གསུམ་པའི་ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་འཚོགས་འདུའི་འགྲེམ་སྟོན་ཁང་དངོས་སུ་སྒོ་ཕྱེས།
        འགྲེན་སྟོན་ནི་ཐེངས་འདིའི་དངོས་མང་བཤམས་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན།  དེའི་རིག་གནས་དང་ཐོན་རྫས།  འཁྲབ་སྟོན་བཅས་ཁག་གསུམ་དུ་དབྱེ་ཡོད་ལ།  བརྙན་ཐུང་དང་པར་རིས།  ཡུལ་དངོས་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་ནས་བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་བཏོན་པ་དང་།  ཕྱོགས་ཡོངས་ནས་བློ་མཐུན་ཞི་ཅིང་ཕིང་གིས་གཙོ་སྐྱོང་གནང་པའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་འོག     བོད་རང་སྐྱོང་ལྗོངས་སྲོལ་རྒྱུད་ཀྱི་རིག་གནས་སྲོང་སྐྱོང་དང་རྒྱུན་འཛིན།  ཡུལ་སྐོར་ལས་རིགས་འཕེལ་རྒྱས།   ཁྱད་ལྡན་དཔལ་འབྱོར་གསར་སྤེལ་སོགས་ཕྱོགས་མང་པོའི་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1