སྡེ་དགེ་རྫོང་གིས་དབང་པོ་སྐྱོན་ཅན་དུས་ལྟར་དབུལ་སེལ་ཐུབ་པར་སྐུལ་འདེད་བཏང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 09-14


        དབང་པོ་སྐྱོན་ཅན་དུས་ལྟར་དབུལ་སེལ་བྱ་ཆེད།  སྡེ་དགེ་རྫོང་གིས་བྱ་ཐབས་གསུམ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་དུས་ལྟར་དབུལ་སེལ་བྱེད་པའི་ལས་ཀ་སྤེལ།  
        ལམ་ལུགས་འཐུས་ཚང་དུ་བཏང་བ་སྟེ།《དབང་པོ་སྐྱོན་ཅན་གྱི་དབུལ་སེལ་འགག་སྒྲོལ་གྱི་བྱེད་སྒོ་འཆར་གཞི།》གཏན་འབེབ་དང་ལག་བསྟར་བྱས།   དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་མི་ཚང་མ་གནད་སྨིན་དབུལ་སྐྱོར་གྱི་མིང་ཐོར་བཀོད།     
        ཟབ་སྦྱོང་ལ་ཤུགས་སྣོན་བྱས་པ་སྟེ།  དབང་པོ་སྐྱོན་ཅན་ཁྱིམ་ཚང་གིས་མ་མཐའ་ཡང་གསོ་སྤེལ་དང་འདེབས་འཛུགས་སོགས་ཀྱི་རྣམ་གྲངས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བ་ཁག་ཐེག་བྱས་ཏེ།  གོ་རིམ་ལྡན་པའི་སྒོ་ནས་དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་མི་སྣའི་་ལས་ཞུགས་ཀྱི་ཁ་ཕྱོགས་བསྒྱུར་བཀོད་བྱས།  
        དགེ་མཚན་ལྡན་པའི་སྣེ་ཁྲིད་བྱས་པ་སྟེ།   ནོར་སྲིད་ཀྱི་ཆེད་དོན་མ་དངུལ་དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཀྱི་ཁྱིམ་ཚང་ལ་བཀོད་སྒྲིག་བྱས་ཏེ།  ཧུར་ཐག་ངང་དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཀྱི་ཁྱིམ་ཚང་ཀྱི་ས་གཞི་གཞན་གཉེར་དང་ནགས་དབང་། ཞིང་སྡེའི་ས་ཞིང་བདག་གཉེར་གྱི་དབང་ཆ་སོགས་ཀྱི་ཐབས་ལ་བརྟེན་ནས།  ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་མངོན་འགྱུར་བྱུང་། 
        སྟེགས་བུ་འདོན་སྤྲོད་བྱེད་པ་སྟེ།  དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་གཙོ་གནད་རོགས་སྐྱོར་བྱེད་ཡུལ་དུ་བཞག་ནས་ “ཞིང་སྡེ་དཔེ་ཁང་”དང་“ཞིང་གྲོང་དྲ་ཚོང”སོགས་ཀྱི་རྣམ་གྲངས་ལ་བརྟེན་ནས་སྤྱི་ཚོགས་སྟོབས་ཟབ་ཞུགས་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྟེགས་བུ་གསར་སྤེལ་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1