སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་དགོང་ཚོགས་པེ་ཅིང་ཅིན་ཞི་མགྲོན་ཁང་དུ་ཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-16



        སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་དགོང་ཚོགས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་པེ་ཅིང་ཅིན་ཞི་མགྲོན་ཁང་དུ་ཚོགས་པ་དང་། སྐབས་འདིའི་རིག་རྩལ་འཁྲབ་སྟོན་དགོང་ཚོགས་ཀྱི་དཔྱད་འདེམ་མཇུག་འབྲས་དེ་མཉམ་དུ་བདམས་ཐོན་བྱུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་བྱ་དགའ་སྟེར་བའི་མཛད་སྒོ་དང་འཁྲབ་སྟོན་དགོང་ཚོགས་མཇུག་རྫོགས་པའི་རིག་རྩལ་དགོང་ཚོགས་ལ་ཞུགས་པར་མ་ཟད་བྱ་དགའ་ཐོབ་པའི་ཐུན་མོང་དང་མི་སྒེར་གྱི་འཐུས་མི་ལ་བྱ་དགའ་གནང་། བྱ་དགའ་སྟེར་བའི་མཛད་སྒོ་མཇུག་རྫོགས་རྗེས། རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་དགོང་ཚོགས་མཇུག་རྫོགས་པའི་མཛད་སྒོའི་རིག་རྩལ་དགོང་ཚོགས་བསྡུས་པ་དང་། དགོང་ཚོགས་སྟེང་མི་རིགས་ཀྱི་གླུ་གར་དང་མི་རིགས་རོལ་ཆས་དཀྲོལ་ལེན། ཁེར་གཞས་དང་མཉམ་ལེན་སོགས་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་ཅེས་པའི་གླུ་གར་ཁྲོད་དུ་ཐེངས་འདིའི་དགོང་ཚོགས་མཇུག་སྒྲིལ།། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1