སྐབས་བཅུ་དྲུག་པའི་ནུབ་རྒྱུད་དངོས་མང་འགྲེམ་ཚོགས་དེ་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་ཏུ་གཅིག་བསྡུས་སྒོས་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-18


       ཉེ་ཆར། གསར་འགོད་པས་སི་ཁྲོན་དངོས་མང་འགྲེམ་སྟོན་གྱི་ལས་དོན་ཅུས་ནས་གནས་ཚུལ་ལ་རྒྱུས་ལོན་པ་ལྟར་ན། སྐབས་བཅུ་དྲུག་པའི་ནུབ་རྒྱུད་དངོས་མང་འགྲེམ་ཚོགས་དེ་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་དུ་སྤེལ་བར་བཀོད་སྒྲིག་བྱས་ནས། གླེང་སྟེགས་ཀྱི་གྲོས་དོན་ལ་བློ་ཞིབ་མོས་ཇུས་འགོད་བྱས་ཏེ། ཚོགས་འདུའི་བྱེད་སྒོའི་རྣམ་གྲངས་65སྤེལ་བར་འཆར་འགོད་བྱས། དེའི་ཁྲོད་དུ་གལ་ཆེའི་བྱེད་སྒོའི་རྣམ་གྲངས་9ཡོད་པ་དང་། ཆེད་དོན་བྱེད་སྒོའི་རྣམ་གྲངས་56འདུས། 
       རྣམ་གྲངས་གལ་ཆེན་དགུའི་བྱེད་སྒོ་ཡིས་ནུབ་རྒྱུད་ཀྱི་ཁྱད་ཆོས་དང་རྒྱལ་སྤྱིའི་བགྲོ་གླེང་མཉམ་ལས་མཚོན་པ་དང་། དེའི་ཁྲོད་དུ་སྐབས་བཅུ་དྲུག་པའི་ནུབ་རྒྱུད་དངོས་མང་འགྲེམ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་སྐབས་བཅོ་བརྒྱད་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས། སྐབས་བཅུ་དགུ་བའི་ཀྲུང་གོའི་ནུབ་རྒྱུད་ཀྱི་མ་འཇོག་གསལ་བཤད་གྲོས་ཚོགས། དཔལ་འབྱོར་མཉམ་ལས་ཀྱི་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ། སྐབས་བཅུ་དགུ་བའི་ནུབ་རྒྱུད་ཀྱི་ཉོ་སྒྲུབ་ཚོང་ལས་ཚོགས་ཆེན། འཇར་མན་གྱི་རྒྱལ་སྲུང་དམག་གི་བྱེད་སྒོ། སྐབས་བཅུ་གཅིག་པའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཚོང་ལས་ཐད་ཀྱི་མ་འཇོག་དང་ཚན་རྩལ་མཉམ་ལས་ཀྱི་བགྲོ་གླེང་གྲོས་ཚོགས། སྐབས་བཅོ་ལྔ་པའི་ཀྲུང་གོ་དང་ཧྥ་རན་སིའི་ས་གནས་སྲིད་གཞུང་གིས་མཐོ་རིམ་གླེང་སྟེགས་ཀྱི་མཉམ་ལས། རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་ནུབ་རྒྱུད་ཀྱི་མཐོ་རིམ་ཐོན་ལས་བར་གྱི་འཕེལ་རྒྱས་མཉམ་ལས་ཀྱི་གྲོས་ཚོགས། སྐབས་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་དངུལ་རྩིའི་གླེང་སྟེགས་དང་། སྤྱི་ལོ་2016ལོའི་ཨེ་ཤ་ཡའི་ལོ་རེའི་སློབ་གསོའི་གླེང་སྟེགས་སོགས་འདུས་ཡོད།
       ཆེད་དོན་མཉམ་ལས་ཀྱི་བྱེད་སྒོ་སྤེལ་བ་ཡིས་ཐོན་ལས་མཉམ་ལས་བྱེད་པ་སོགས་གཙོ་གནད་དུ་བཟུང་བ་དང་། དེའི་ཁྲོད་དུ་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤེལ་བའི་མ་འཇོག་འོས་སྦྱོར་དང་མཉམ་ལས་བགྲོ་གླེང་ཀྱི་བྱེད་སྒོ། ནུབ་རྒྱུད་ས་ཁུལ་དང་རང་རེའི་ཞིང་ཆེན་གྱི་ཐོན་ལས་ཀྱི་ལེགས་ཆ་དང་མ་འོངས་བའི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ཏེ་སྤེལ་བའི་འབྲེལ་ཡོད་ཐོན་ལས་དང་། ལས་རིགས་ནང་ཁུལ་གྱི་མཐོ་རིམ་གླེང་སྟེགས། དེ་མིན་རྒྱལ་སྤྱིའི་མཉམ་ལས་དང་རྒྱལ་ཁབ་ཕྱི་ནང་གི་རིག་གནས་བགྲོ་གླེང་ལ་དམིགས་ནས་སྒྲུབ་གཉེར་བྱས་པའི་མ་འཇོག་དང་བརྗེ་རེས།ཚན་རྩལ། རིག་གནས། ལུས་རྩལ་བཅས་བརྗོད་བྱ་གཙོ་བོ་བྱས་པའི་བྱེད་སྒོ་བཅས་འདུས།
       ཐེངས་འདིའི་ནུབ་རྒྱུད་དངོས་མང་འགྲེམ་ཚོགས་གིས་ནུབ་རྒྱུད་ཀྱི་ཐོན་ལས་འཕེལ་རྒྱས་དང་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་དང་ས་གནས་ཀྱི་དགོས་མཁོ་ལ་དམིགས་ནས། ཆེད་ལས་ཅན་དང་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱི་ཅན་གྱི་གླེང་སྟེགས་འཛུགས་པ་དེ་དམིགས་ཡུལ་དུ་བཟུང་ནས། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཁང་དང་། ནུབ་རྒྱུད་ཀྱི་མཉམ་ལས་ཁང་། རྒྱལ་སྤྱིའི་མཉམ་ལས་ཁང་། གློག་རྡུལ་ཆ་འཕྲིན་སོགས་འགྲེམ་སྟོན་རིགས་13བཀོད་སྒྲིག་གནང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1