དར་རྩེ་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་ལྟ་འགོ་ཚུགས་པའི་སྐུལ་སློང་ཚོགས་འདུ་འཚོགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 09-21


        སྤྱི་ཟླ་9པའི་ཚེས་19ཉིན།  སི་ཁྲོན་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱིས་འགོ་ཚུགས་སྐུལ་སློང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།    དཀར་མཛེས་ཁུལ་གྱི་དར་རྩེ་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་ལྟའི་ལམ་རྒྱུད་ཚུད་པའི་མྱུར་བགྲོད་གཞུང་ལམ་9གཅིག་སྡུད་ཐོག་ལས་འགོ་ཚུགས་པར་སྐུལ་སློང་བྱས། 
        ཚོད་ལྟའི་ལམ་རྒྱུད་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་17དང་ཕྱོགས་གཉིས་ལ་རླང་འཁོར་བཞི་རྒྱུག་ཆོག་པ་དང་།     ཚོད་རྩིས་བྱས་པ་ལྟར་ན། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་80་དང་ ཧ་ལམ་མ་དངུལ་དུང་ཕྱུར་32གཏང་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1