གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

ངེད་དྲ་བའི་གསར་འགོད་པ། ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༩ཚེས་༢༨ཉིན།

2016ལོའི་ཁམས་པའི་བརྙན་འཕྲིན་ཁང་གིས་སྤེལ་བའི་སྐབས་དྲུག་པའི་སྐད་གཉིས་སྐར་ཆེན་ཞེས་པའི་བོད་རྒྱ་སྐད་གཉིས་ཀྱི་རྟིང་རྩོད་འགྲན་བསྡུར་གྱི་བརྙན་ལེན་བྱ་བ་མཇུག་སྒྲིལ་པ།

    སྤྱི་ཟླ་9བའི་ཚེས་25ཉིན་གྱི་དགུང་མོར། ཁམས་པའི་བརྙན་འཕྲིན་ཁང་གིས་2016ལོའི་སྐབས་དྲུག་པའི་བོད་རྒྱ་སྐད་གཉིས་ཀྱི་རྟིང་རྩོད་འགྲན་བསྡུར་དང་བྱ་དགའ་གནང་བའི་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ།ཐེངས་གསུམ་ལ་འགྲན་བསྡུར་བྱས་པ་བརྒྱུད།མཇུག་མཐར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འགྲན་ཞུགས་པ་བཀྲ་ཤིས་ཚེ་རིང་གིས་འགྲན་སྡུར་ཁྲོད་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་ནས་བྱ་དགའ་ཨང་དང་པོ་ཐོབ།

         གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཐེངས་འདུའི་འགྲན་བསྡུར་ནི་2015ལོའི་ཟླ་11པར་ཇུས་འགོད་བྱས་པ་ནས་བཟུང་།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ།སི་ཁྲོན་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་ཅུས། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་རྒྱབ་སྐྱོར་ཁྲིད་སྟོན་ཐོབ་པར་མ་ཟད། དཀར་མཛེས་དང་ཆབ་མདོ། རྔ་བ། ཡུལ་ཤུལ། བདེ་ཆེན། རྨ་ལྷོ། དཔའ་རིས་སོགས་བོད་ཁུལ་གྱི་དྲིལ་བསྒྲགས་སློབ་གསོའི་སྡེ་ཁག་དང་།རྒྱལ་ཡོངས་ཀྱི་མི་རིགས་སློབ་གྲྭ་བཅུ་ལྷག་གིས་གཅིག་གྱུར་གྱི་རྒྱབ་སྐྱོར་ཐོབ་པས།ཁམས་པའི་བརྙན་འཕྲིན་ཁང་གིས་རྒྱལ་ཁའི་ངང་ཐེངས་ལྔ་ལ་སྐད་གཉིས་འགྲན་བསྡུར་སྤེལ་རྗེས།ད་ལོར་སླར་ཡང་སྐད་གཉིས་སློབ་གསོ་ཁྱབ་བརྡལ་ཏུ་གཏོང་བའི་ཐད་དུ་གོམ་སྟབས་གསར་པ་ཤིག་སྤོས།སྐབས་དྲུག་པའི་སྐད་གཉིས་འགྲན་བསྡུར་གྱི་ཚོགས་ཆེན་ཏེ་2016ལོའི་ཟླ་6པར་ཁྱོན་ཡོངས་ནས་འགོ་བརྩམས་པ་དང་།དུས་ཡུན་ཟླ་བཞིའི་རིང་ལ་བོད་ཁུལ་ནས་ཕུལ་བྱུང་མི་སྣ་འདེམས་བསྐོ་བྱས།ཐོག་མའི་འགྲན་བསྡུར་སྤེལ་རྗེས་སུ་བོད་ཁུལ་གྱི་ཞིང་ཆེན་ཆེན་པོ་ལྔ་དང་། མི་རིགས་སློབ་ཆེན་དང་སློབ་འབྲིང་སོགས་ནས་ཡོང་བའི་ཕུལ་བྱུང་གི་སློབ་མ་30བདམས་ཐོན་བྱུང་པ་དང་ཁྲེན་ཏུའུ་རུ་སྤེལ་བའི་རྟིང་རྩོད་འགྲན་བསྡུར་གྱི་ཁྲོད་དུ་གདན་འདྲེན་བྱས།ཁོ་ཚོ་ཟླ་9བའི་ཚེས་16ཉིན་དངོས་སུ་ཁྲེན་ཏུའུ་རུ་སླེབས་པ་དང་དུས་ཡུན་ཉིན་དྲུག་རིང་གི་ལ་ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་ལ་གྲ་སྒྲིག་བྱས།ཐེངས་འདུའི་རྟིང་རྩོད་འགྲན་བསྡུར་ལ་རྒྱའི་སྙན་ཚིག་དང་བོད་ཀྱི་ལེགས་བཤད་སོགས་ནང་དོན་གཙོ་བོ་བྱས་ཤིང་།འགྲན་ཞུགས་པ་རྣམས་ཀྱི་ཕུལ་བྱུང་གི་གྲུབ་འབྲས་ལས།ཡུལ་དངོས་ཀྱི་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་ཀྲུང་ཧྭ་མི་རིགས་ཀྱི་སྐད་དང་རིག་གནས་ཀྱི་སྙིང་བཅུད་མྱོང་སུ་བཅུག་པར་མ་ཟད།ཚོགས་ཆེན་གྱི་སྤྱི་ཚོགས་རང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་དེ་མི་རིགས་གི་སྐད་དང་རིག་གནས་ལ་བརྟེན་ནས་དར་སྤེལ་བཏང་བས།ལྟད་མོ་བ་རྣམས་ཀྱིས་ཐེངས་འདིའི་བྱེད་སྒོ་སྤེལ་བ་ཡིས་སྐད་གཉིས་སློབ་གསོའི་དྲིལ་བསྒྲགས་ལ་སྐུལ་འདེད་ཀྱི་ནུས་པ་དང་།བོད་རྒྱ་སྐད་གཉིས་ཀྱི་རིག་གནས་བགྲོ་གླེང་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཐོབ་ནས།ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་བར་ནུས་པ་བླ་ལྷག་ཐོན་འདུག་ཞེས་བཤད། 

      2016ལོའི་ཁམས་པའི་བརྙན་འཕྲིན་ཁང་གིས་སྤེལ་བའི་སྐབས་དྲུག་པའི་སྐད་གཉིས་སྐར་ཆེན་ཅེས་པའི་བོད་རྒྱ་སྐད་གཉིས་ཀྱི་རྟིང་རྩོད་འགྲན་བསྡུར་ཏེ།ཁམས་པའི་བརྙན་འཕྲིན་ཁང་གིས་མེས་རྒྱལ་ལ་ཕུལ་བའི་ལེགས་སྐྱེས་ཤིག་གི་ཚབ་ཏུ། སྤྱི་ཟླ་10པའི་རྒྱལ་སྤྱིའི་དུས་ཆེན་སྐབས་སུ་ཁམས་པའི་བརྙན་འཕྲིན་ཁང་ནས་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་ལ་རྒྱ་ཆེའི་ལྟད་མོ་བ་རྣམས་པའི་མིག་གི་ལོངས་སྤྱོད་དང་སེམས་ཀྱི་རྒྱགས་ཕྱེ་ཞིག་ཏུ་འབུལ་རྒྱུ་རེད། །

   

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1