ཁྲེན་ཏུའུ་ཡིས་རྒྱལ་སྤྱིའི་མཁའ་ལམ་ལམ་ཐིག་9གསར་སྣོན་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-28


       ཉེ་ཆར། སྐབས་ཉེར་གཉིས་པའི་འཛམ་གླིང་མཁའ་ལམ་འཕེལ་རྒྱས་གཏོང་བའི་གྲོས་ཚོགས་ཐོག་ཏུ། ཁྲེན་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཞིང་ཆེན་གནམ་གྲུ་འབབ་ཚིགས་མཐུན་ཚོགས། ཕྱིའི་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་སི་གཉིས་ཀྱིས་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་དེ། དུས་ཚོད་ངེས་གཏན་གྱི་ནང་ཐད་འཕུར་བྱེད་པའི་རྒྱལ་སྤྱིའི་མཁའ་ལམ་8དང་ཆེད་སྤྱོད་གནམ་གྲུ་ནས་ཐད་འཕུར་གནམ་གྲུ་རུ་བརྗེ་བའི་མཁའ་1བཅས་གསར་དུ་ཁ་སྣོན་བྱས་པས། ཁྲེན་ཏུའུ་ཡི་རྒྱལ་སྤྱིའི་མཁའ་ལམ་ལམ་ཐིག་98ཟིན་ནས། སི་ཁྲོན་གྱི་རྒྱལ་སྤྱི་ཐད་འཕུར་བྱེད་པའི་མཁའ་ལམ་སྔར་ལས་ཇེ་མང་དུ་ཕྱིན་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་དང་།སྐབས་ཉེར་གཉིས་པའི་འཛམ་གླིང་མཁའ་ལམ་འཕེལ་རྒྱས་གཏོང་བའི་གྲོས་ཚོགས་གི་གཙོ་སྒྲུབ་ཕྱོགས་དང་། UBMཔའོ་བུན་མཐུན་ཚོགས་གི་ཐོག་མའི་ལག་བསྟར་སྤྱི་དཔོན་ཞི་མོང་ཧྥོ་སི་ཐུ་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཏུ་བཞུགས། ཞིང་དཔོན་གཞོན་པ་དབྱང་གོ་པའོ་ཡིས་གསར་དུ་ཁ་སྣོན་བྱས་པའི་མཁའ་འགྲུལ་ལམ་ཐིག་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་།
       མིང་རྟགས་འགོད་པའི་མཛས་སྒོའི་ཐོག་ཏུ། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་མཁའ་འགྲུལ་མཐུན་ཚོགས་དང་ཀྲུང་གོའི་རྒྱལ་སྤྱིའི་མཁའ་ལམ་ཀུང་སི་གཉིས་ཀྱིས་ཁྲེན་ཏུའུ་ནས་ཞི་ཉི་བར་གྱི་དུས་བཀག་ཐད་འཕུར་གནམ་གྲུའི་མཁའ་ལམ་བཏོད་པའི་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད། མཚོ་ལྷོ་མཁའ་འགྲུལ་ཀུང་སི་ཡིས་ཁྲེན་ཏུའུ་ནས་ཉིའུ་ཡོ་བར་དུ་དུས་བཀག་ལྟར་ཐད་འཕུར་བྱེད་པའི་མཁའ་ལམ་མཉམ་ལས་གྱི་གྲོས་མཐུན་ཡི་གེ་དང་། ཁྲེན་ཏུའུ་ནས་ལོ་ཧྲན་ཅི་བར་དུ་དུས་བཀག་ལྟར་ཐད་འཕུར་བྱེད་པའི་མཁའ་ལམ་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད། བོད་ལྗོངས་མཁའ་འགྲུལ་ཀུང་སི་ཡིས་གསར་དུ་སྒོ་ཕྱེས་བའི་ཁྲེན་ཏུའུ་ནས་སོ་ཆི་བར་དུ་དུས་བཀག་ཐད་འཕུར་བྱེད་པའི་མཁའ་ལམ་མཉམ་ལས་གྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད། ཨེ་ཛི་ཨོ་ཕི་ཡ་མཁའ་ལམ་ཀུང་སི་ཡིས་ཁྲེན་ཏུའུ་ནས་ཨེ་ཏི་སི་ཨ་པ་པ་རུ་དུས་བཀག་ཐད་འཕུར་བྱེད་པའི་མཁའ་ལམ་མཉམ་ལས་ཀྱི་བརྡ་ཡིག་གི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད། སི་ཁྲོན་མཁའ་འགྲུལ་མཐུན་ཚོགས་ཀྱི་ཀུང་སི་ཡིས་ཁྲེན་ཏུའུ་ནས་ཏེའི་པའེ་རུ་དུས་བཀག་ཐད་འཕུར་བྱེད་པའི་མཁའ་ལམ་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད། དེ་མིན་ཁྲེན་ཏུའུ་ནས་མོ་སི་ཁོ་རུ་ཐད་འཕུར་བྱེད་པའི་མཁའ་ལམ་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་དང་། ཁྲེན་ཏུའུ་ནས་ཨུ་ཁི་ལན་རུ་དུས་བཀག་ཐད་འཕུར་བྱེད་པའི་མཁའ་ལམ་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད།། 
    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1