རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་རྟ་མཆོག་རྟགས་མའི་རྩོམ་རིག་བྱ་དགའ་གནང་བའི་ཚོགས་འདུ་པེ་ཅིང་དུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 09-30


ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐིའེ་ཉིང་གིས་ཤིས་ཚིག་འབུལ་བཞིན་པ།

ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཆིན་ཞའོ་ཆིན་གྱིས་ཚོགས་ཐོག་ཏུ་ཤིས་ཚིག་འབུལ་བཞིན་པ།


  སྤྱི་ཟླ9བའི་ཚེས27ཉིན་གྱི་དགོང་མོ། རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་རྟགས་མའི་བྱ་དགའ་གནང་བའི་ཚོགས་འདུ་སྐབས་བཅུ་གཅིག་པ་དེ་པེ་ཅིང་ཀྲུང་གོའི་དེང་རབས་རྩོམ་རིག་ཁང་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐིའེ་ཉིང་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ཆིན་ཞའོ་ཆིན་བཅས་ཚོགས་ཐོག་ཏུ་ཕེབས་ནས་སོ་སོ་ནས་ཤིས་ཚིག་ཕུལ།

ཅི་ཏེ་མ་ཅཱ་དང་། ཡན་ཅིན་མེང་། ཐང་ཧན་ཝེ་བཅས་ཀྱིས་ལོ་ཙྭའི་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་།
ལི་པིང་དང་། ལའོ་པིན། ཝུ་དབྱི་ཆིན་བཅས་ནས་ལྷུག་རྩོམ་གྱི་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་།
ཅིན་ཅུན་ཧའེ། ཀྲང་ཅིན། པའེ་ཀན་ཧྲེང་བཅས་ཀྱིས་སྙན་ངག་གི་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་།
ཆིན་ཞའོ་ཆིན་དང་ཧེ་ཅིན་མེང་། ཝུ་ཚུའི་དབྱིན་བཅས་ཀྱིས་སྙན་ཞུའི་རྩོམ་རིག་གི་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་།
ལི་ཁྲེང་ཕིང་དང་། བསྟན་འཛིན། ཡེ་ཞིན་ཝེ་བཅས་ཀྱིས་སྒྲུང་ཐུང་དང་སྒྲུང་འབྲིང་གི་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་།
ཐིའེ་ཉིང་དང་། མ་ལ་ཆིན་ཧྥུ། ཁྲེན་ཆི་རུང་བཅས་ཀྱིས་སྒྲུང་རིང་གི་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་།
          རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་རྟགས་མའི་བྱ་དགའ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཞིག་རེད། གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རིག་རྩལ་སྲིད་ཇུས་ལག་ལེན་མཐར་ཕྱིན་དང་། མི་རིགས་གྲངས་ཉུང་གི་རྩོམ་རིག་བྱ་གཞག་ཡར་ངོས་ཟླ་ལྟར་འཕེལ་བ་དང་རྩོམ་རིག་གི་ཐད་ནས་མི་རིགས་ཕན་ཚུན་བར་སྤེལ་རེས་དང་མཉམ་བསྲེས་ཐད་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་སྐུལ་སྤེལ་བཅས་ལ་དམིགས་པའི་རང་རྒྱལ་གྱི་རྩོམ་རིག་བྱ་དགའ་ཆེ་གྲས་ཤིག་རེད། ཐེངས་འདིའི་རྟ་མཆོག་རྟགས་མའི་བྱ་དགའ་དཔྱད་འདེམ་ནང་རྩོམ་རིག་བརྩམས་ཆོས24དང་ལོ་ཙཱ་བ་གསུམ་བཅས་ལ་གཟེངས་རྟགས་ཐོབ། དེའི་ནང་རང་ཞིང་གི་བོད་རིགས་རྩོམ་པ་པོ་སྟག་འབུམ་རྒྱལ་ལགས་ལ་སྒྲུང་ཐུང་དང་སྒྲུང་འབྲིང་གི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ། གཞན་ཀྲུང་གཽའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། འབུམ་རམས་པའི་དགེ་རྒན་ཆེན་པོ་འཇམ་དཔལ་རྒྱ་མཚོ་ལགས་ལ་སྙན་ཞུ་རྩོམ་རིག་གི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1