རྒྱལ་ཡོངས་ཀྱི་མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་སློབ་གསོ་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་དཀར་མཛེས་ཁུལ་དུ་འཚོགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-30



        སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་སློབ་གསོ་ཆ་འཕྲིན་ཅན་གྱི་ལས་དོན་གྱི་བརྙན་འཕྲིན་དང་ཁ་པར་ཚོགས་འདུའི་དགོངས་དོན་དང་སློབ་གསོ་ཆ་འཕྲིན་ཅན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད།བཅས་ཀྱི་བཀོད་སྒྲིག་ལག་བསྟར་བྱེད་པ།  མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་སློབ་གསོ་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་དཔེ་འོས་ཉམས་མྱོང་ཁྱབ་བསྒྲགས་བྱ་ཆེད།  ད་དུང་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དང་སློབ་གསོ་དང་སློབ་ཁྲིད་ཀྱི་གཏིང་ཚད་བཅས་ཉམས་འདྲེས་བྱ་ཆེད།  སློབ་གསོ་པུའུ་ཡིས་2016ལིའི་སློབ་གསོ་ཆ་འཕྲིན་ཅན་གྱི་ལས་དོན་གཙོ་གནད།ཀྱི་ལས་དོན་བཀོད་སྒྲིག་ལྟར།  སྤྱི་ཟླ་9པའི་ཚེས་27ཉིན།  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་སློབ་གསོ་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་འཚོགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1