ཡུན་ནན་བདེ་ཆེན་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རྟའི་རིག་གནས་ཀྱི་དངོས་མེད་ཤུལ་བཞག་རིག་གནས་བཤམས་སྟོན་ཁང་སྒོ་ཕྱེ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 09-30




        སྤྱི་ཟླ་9པའི་ཚེས་27ཉིན། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་བཤམས་སྟོན་ཁང་ཐོག་མ་སྟེ་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རྟའི་རིག་གནས་ཀྱི་དངོས་མེད་ཤུལ་བཞག་རིག་གནས་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེ་བ།

བཤམས་སྟོན་ཁང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་300ལ་ཉེ་ཞིང་། འཚོ་སྡོད་ཁུལ་དང་རྟ་ཆས། གདན། གཞོན་ནུ་དུས་ཀྱི་གེ་སར་རྒྱལ་པོ་སོགས་ཆེད་དོན་བཤམས་སྟོན་ཁུལ་འགར་དབྱེ་ཡོད། བཤམས་སྟོན་ཁང་གི་གཙོ་འཛིན་བློ་བཟང་འཕྲིན་ལས་ཀྱིས་མི་ཚེ་ཕྱེད་ཀྱི་རིང་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་སོ་སོ་ནས་འཚོལ་སྡུད་བྱས་པའི་རྟ་ཆས་རྩ་ཆེན་སོགས་200ལྷག་འགྲེམ་སྟོན་བྱས།

        སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རྟའི་རིག་གནས་ཀྱི་དངོས་མེད་ཤུལ་བཞག་རིག་གནས་ཀྱི་བཤམས་སྟོན་ཁང་བཙུགས་པ་ལས་ད་ལྟའི་བར་བདེ་ཆེན་ཁུལ་དུ་རྟ་དང་རྟ་རྩལ། རྟ་ཆས་ཀྱི་ཆེད་དོན་འགྲེམ་སྟོན་ཁང་མེད་པར་ཁ་གསབ་བྱས་ཤིང་། གོམ་གང་མདུན་སྤོས་སྒོས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གྱི་རིག་གནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཚོར་ཡུལ་དེའི་དམངས་ཁྲོད་ཀྱི་ཡུལ་སྲོལ་རིག་གནས་རོལ་མྱོང་བྱ་བའི་སྒོ་མོ་གསར་པ་ཞིག་ཕྱེས།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1