ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས། ཀློག་པ་པོ་ཚོགས་པ་བཅས་ཀྱིས་མཉམ་ལས་གྲོས་མཐུན་གྱི་མིང་རྟགས་འགོད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཀན་སུའུ་གསར་འགྱུར་དྲ་བ། སྤེལ་དུས། 10-08


        ཉེ་ཆར།  ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་དང་ཀྲུང་གོ་བོད་རིགས་པའི་ཞིབ་འཇུག་ལྟེ་གནས།  ཀློག་པ་པོ་ཚོགས་པ་བཅས་ཀྱིས་ཕྱོགས་གསུམ་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད། འདི་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭས་མི་རིགས་རིག་གནས་ཞིབ་འཇུག་གི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ།  དགོངས་དོན་གཙོ་བོ་ནི་བོད་ཡིག་དཔེ་རྙིང་སྲུང་སྐྱོང་དང་ལེགས་སྒྲིག་རྩོམ་སྒྱུར།  དཔེ་སྐྲུན་བརྒྱུད་འགྲེམ་དང་བོད་ཡིག་དཔེ་རྙིང་གྲངས་གཞི་ཅན།  ཁྱད་ལས་ཐོན་ཁུངས་གྲངས་གཞིའི་མཛོད་དང་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་མཉམ་ལས་དང་ཤུགས་སྣོན་བྱས་པ་རེད། བོད་ཀྱི་རིག་གནས་ལ་སྲུང་སྐྱོང་དང་འཕེལ་རྒྱས།  བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་པ་བྱས་པ་རེད།  ཐེངས་འདིའི་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་ལ་མིང་རྟགས་བཀོད་པ་འདི་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭས་ཏང་ཀྲུང་དབྱང་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་འཐབ་ཇུས་བཀོད་སྒྲིག་དང་ཀན་སུའུ་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བཀོད་སྒྲིག་གི་སྙིང་སྟོབས་ལག་བསྟར་གྱི་ཐབས་ཇུས་གཙོ་བོ་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1