ལོ་རྒྱུས་ཡུན་རིང་ལྡན་པའི་བསམ་ཡས་དགོན་པ་ཞིག་གསོ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 10-10



              བསམ་ཡས་གཙུག་ལག་ཁང་གི་ཡུལ་ལྗོངས་ཧྲིལ་པོ།

        ཉེ་འཆར་འབྲེལ་ཡོད་ཕྱོགས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བསམ་ཡས་དགོན་པར་ཞིག་གསོའི་ལས་དོན་སྤེལ་བཞིན་ཡོད་པ་རེད།  དགོན་པ་དེ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་སུ་གནས་ཤིང་།  དེ་ནི་བོད་རྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་ནང་ཆོས་ལུགས་ཀྱི་གྲྭ་ཚང་ཕུན་སུམ་ཚོགས་པའི་དགོན་པ་དང་པོ་དེ་ཡིན་པ་དང་།  དགོན་པ་དེར་སྤྱིའི་རྒྱ་ཁྱོན་རྨི་ངོས་གྲུ་བཞི་མ་ཁྲི2.5ཙམ་ཡོད་པ་རེད།  བསམ་ཡས་དགོན་པ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་དང་།  བོད་ལྗོངས་ཀྱི་ནང་ཆོས་ཀྱི་གནས་རི་གལ་ཆེན་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོངས་གཏོགས་ཤིག་རེད། ། 
ཞིག་གསོ་བྱེད་བཞིན་པའི་བསམ་ཡས་གཙུག་ལག་ཁང་གི་དགོན་པའི་ཟུར་ཞིག

བསམ་ཡས་གཙུག་ལག་ཁང་དགོན་པའི་དགེ་འདུན་པས་མཚན་ཉིད་རྩོད་བཞིན་པ།


བསམ་ཡས་གཙུག་ལག་ཁང་དགོན་པའི་མཚམས་བཞིར་ཡོད་པའི་མཆོད་རྟེན་རིག་བཞི།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1