ལི་ཁེ་ཆང་གིས་ཕོར་ཐུ་གལ་གྱི་ཙུང་ལི་ཁི་སི་ཐ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-10


        སྤྱི་ཟླ་10པའི་ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕོར་ཐུ་གལ་གྱི་ཙུང་ལི་ཁི་སི་ཐ་དང་གྲོས་མོལ་མཛད།
        ལི་ཁེ་ཆང་གིས་ཀྲུང་གོ་དང་ཕོར་ཐུ་གལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་37འགོར་བའི་རིང་ལ། ཀྲུང་གོ་དང་ཕོར་ཐུ་གལ་གྱི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་ཕྱིན་ཞིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་རྒྱུན་ཁྱོངས་བྱས་ཤིང་། གྲོས་མོལ་བརྒྱུད་དེ་ཨོ་མིན་སྲིད་དབང་བདེ་བླག་ངང་སྤྲད་པ་དེ་རྒྱལ་ཁབ་སོ་སོས་ལོ་རྒྱུས་ལྡན་པའི་ཤུལ་བཞག་གནད་དོན་ཐག་གཅོད་པའི་དཔེ་སྟོན་དུ་གྱུར་བར་མ་ཟད། ཀྲུང་གོ་དང་ཕོར་ཐུ་གལ་གྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བར་ལེའུ་གསར་པ་ཞིག་གི་འགོ་བརྩམས་པ་རེད། ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐུ་གལ་ཕྱོགས་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་པའི་འགྲོ་འོང་དམ་འཛིན་དང་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་དོན་མཉམ་ལས་རྒྱ་བསྐྱེད་ཅིང་མི་ཆོས་བརྗེ་རེས་ཇེ་མང་དུ་གཏང་འདོད་པར་མ་ཟད། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན། 
        ཁི་སི་ཐ་ཡིས་ཕོར་ཐུ་གལ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་མི་སྣའི་འགྲོ་འོང་དང་རིག་གནས་བརྗེ་རེས་ཇེ་མང་དུ་གཏང་འདོད་པར་མ་ཟད། ནུས་ཁུངས་དང་དངུལ་རྩ། རྨང་གཞིའི་སྒྲིག་འགོད་ཀྱི་འཛུགས་སྐྲུན། ཞིང་ལས་ཐོན་རྫས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཚོང་བཟོ་དངུལ་འཇོག་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1