ལི་ཐང་རྫོང་གིས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཉེས་མེད་ཚོར་སྣང་ཇེ་དྲག་ཏུ་བཏང་།

ཨ་མགོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 10-11


        ཉེ་ཆར་ལི་ཐང་རྫོང་གིས་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་གི་ཆེད་སྤྱོད་བྱ་སྤྱོད་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུ་འཚོགས་ནས་ཟླ་བ་6གི་རིང་ལ་རྫོང་ཡོངས་ཀྱི་མངའ་ཁོངས་ནང་རྡུང་རྡེག་ནན་པོ་དང་དག་ཐེར་བཅོས་སྐྱོང་གི་ཆེད་སྤྱོད་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས།
        ཐེངས་འདིར་རྡུང་རྡེག་ནན་པོ་དང་དག་ཐེར་བཅོས་སྐྱོང་བྱ་རྒྱུའི་ཆེད་སྤྱོད་བྱ་སྤྱོད་ཀྱི་དམིགས་ཡུལ་ལས་འགན་ནི་ཚན་པ་གཅིག་ཅན་ལྔ་དང་མངོན་གསལ་དུ་ཇེ་དྲག་ཏུ་གཏང་རྒྱུ་བཞི་དེ་ཚད་གཞི་མཐོན་པོའི་སྒོ་ནས་མངོན་འགྱུར་བྱ་རྒྱུ་དེ་རེད། ཚན་པ་གཅིག་ཅན་ལྔ་ནི་སེམས་ཐག་གཙང་བཅད་ཀྱིས་ཤུགས་རྐྱེན་དང་གནོད་འཚེ་ཆེ་བའི་ཉེས་དོན་གྱི་གྱོད་གཞི་ཚབས་ཆེན་ཚན་པ་གཅིག་རྩད་གཅོད་བྱ་རྒྱུ་དང་། སེམས་ཐག་གཙང་བཅད་ཀྱིས་སློབ་གསོ་ཡང་ཡང་བཏང་ནའང་ཡོ་བསྲང་མི་བྱེད་པ་དང་ངན་སེམས་བཅངས་ནས་བྱས་ཉེས་བཟོ་མཁན་གྱི་ཁྲིམས་འགལ་མི་སྣ་ཚན་པ་གཅིག་ལ་ཆད་གཅོད་ནན་པོ་བྱ་རྒྱུ་དང་། སེམས་ཐག་གཙང་བཅད་ཀྱིས་མང་ཚོགས་ཀྱི་བསམ་འཆར་མང་བའི་དམིགས་སུ་ཐོན་པའི་བདེ་སྐྱོང་གནད་དོན་ཚན་པ་གཅིག་དག་ཐེར་བཅོས་སྐྱོང་བྱ་རྒྱུ། ཐུན་མོང་གི་སྒྲིག་ཁྲིམས་ལ་གནོད་པའི་ཁྲིམས་འགལ་གྱི་ཚོང་གཉེར་བྱ་ཡུལ་ཚན་པ་གཅིག་ཞིབ་བཤེར་རྩད་གཅོད་བྱ་རྒྱུ། སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་བཟོས་པའི་བརྟན་བརླིང་མིན་པའི་གནད་དོན་ཚན་པ་གཅིག་མེད་པར་བཟོ་རྒྱུ་བཅས་རེད།  མངོན་གསལ་དུ་ཇེ་དྲག་ཏུ་གཏང་རྒྱུ་བཞི་ནི་ཉེས་དོན་ཉེས་ཅན་ལ་རྡུང་རྡེག་བྱེད་ནུས་མངོན་གསལ་དུ་ཇེ་དྲག་ཏུ་གཏང་རྒྱུ་དང་། དམིགས་སུ་ཐོན་པའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་ནུས་མངོན་གསལ་དུ་མཐོ་རུ་གཏང་རྒྱུ། སྤྱི་ཚོགས་བདེ་འཇགས་འགོག་ཟོན་བྱེད་པའི་ཆུ་ཚད་མངོན་གསལ་དུ་ཇེ་དྲག་ཏུ་གཏང་རྒྱུ། མི་དམངས་མང་ཚོགས་ཀྱི་ཉེན་མེད་ཚོར་སྣང་དང་ཡི་རངས་ཚད་མངོན་གསལ་དུ་ཇེ་དྲག་ཏུ་གཏང་རྒྱུ་བཅས་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1