རྔ་བ་ཁུལ་གྱི་རྫོང་གཉིས་དང་ཡུལ་ཤོག་གཉིས་ལ་རྒྱལ་ཁབ་རིམ་པའི་མིང་བཏགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 10-11


         ཉེ་ཆར། སི་ཁྲོན་ཞིང་ཆེན་རྒྱལ་སྤྱིའི་འཕྲོད་བསྟེན་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རྒྱལ་སྤྱིའི་འཕྲོད་བསྟེན་བློ་འདྲིའི་དཔྱད་ཞིབ་ཆེད་མཁས་པ། འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་ཁུལ་བཅས་ཀྱི་རྒྱལ་སྤྱིའི་འཕྲོད་བསྟེན་ལས་དོན་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་དང་ཡུལ་གྲོང་88གྱི་ས་ཁུལ་དུ་ཕྱོགས་བསྡུས་བློ་འདྲི་དང་མིང་ཐོ་སྤྱི་བསྒྲགས་བྱས། རྔ་བ་ཁུལ་གྱི་ཝུན་ཁྲོན་རྫོང་དང་གཟི་ཚ་སྡེ་དགུ་རྫོང་ལ་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་ཀྱི་མིང་ཐོབ་པ་དང་། ཝུན་ཁྲོན་རྫོང་ཆུ་མཆུག་གྲོང་རྡལ་དང་ཟུང་ཆུ་རྫོང་གི་གཙོ་ཚང་དགོན་ལ་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་རྡལ་དང་གྲོང་སྡེའི་མཚན་སྙན་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1