བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་གནམ་གཤིས་ས་ཚིགས་དང་པོ་བཙུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 10-11


            ཉེ་སྔོན། བོད་ལྗོངས་མངའ་རིས་ས་ཁུལ་གནམ་གཤིས་ཅུས་འཚོལ་ཞིབ་ཆེན་པོ་ལྟེ་གནས་ཀྱི་ལས་དང་། སྤུ་ཧྲེང་རྫོང་གནམ་གཤིས་ཅུས། ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གནམ་གཤིས་སྒྲིག་ཆས་ཡོ་ཆས་བཟོ་གྲྭ་སོགས་ལག་རྩལ་མི་སྣའི་ཐུན་མོང་གིས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཡུལ་སྐོར་གནམ་གཤིས་གཞི་རྩའི་ལྟ་དཔྱད་ས་ཚིགས་དང་པོ་ཡིན་པའི་སྒྲོལ་མ་ལགས་གནམ་གཤིས་ས་ཚིགས་ལེགས་གྲུབ་བྱུང་།
             རྒྱུས་ལོན་བྱུང་བ་ལྟར་ན། སྒྲོལ་མ་ལགས་ཡུལ་སྐོར་གནམ་གཤིས་ས་ཚིགས་ནི་ས་གནས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་རྣམ་གྲངས་ཁག་དང་པོ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་གངས་རིན་པོ་ཆེའི་ཉེ་འཁོར་གྱི་ཡུལ་སྐོར་གནམ་གཤིས་ཞབས་ཞུ་འགན་ལེན་བྱ་རྒྱུ་དེ་ཡིན། སྒྲོལ་མ་ལགས་གནམ་གཤིས་ས་ཚིགས་བསྐྲུན་པ་དེས་དུས་ཐོག་ཏུ་དྲོད་ཚད་དང་། བརླན་གཤེར། རླུང་ཕྱོགས། རླུང་ཤུགས། ཁ་བའི་མཐུག་ཚད། ཆར་པ་འབབ་ཚད། ཆར་ཤུགས་སོགས་གནམ་གཤིས་སྔོན་བརྡ་བཏོང་བཞིན་ཡོད་པས་རྒྱ་ཆེའི་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ལ་གནད་ལ་འཁེལ་ཞིང་སྟབས་བདེའི་གནམ་གཤིས་སྔོན་བརྡ་དང་ཉེན་བརྡའི་ཆ་འཕྲིན་མཁོ་འདོན་ཐུབ་ལ་མངའ་རིས་དང་ཐ་ན་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1