ལི་ཁེ་ཆང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྤྱི་ཁྱབ་པུའུ་རུ་གཟིགས་ཞིང་གནང་བར་མ་ཟད་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལས་ཀའི་སྙན་ཞུ་ལ་གསན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-11


        སྤྱི་ཟླ་10པའི་ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་འགན་འཛིན་པ་ཚུའེ་ཧྲི་ཨན་གྱི་ཕེབས་རོགས་འོག་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤྱི་ཁྱབ་པུའུ་ལ་ཕེབས་ཏེ་གཟིགས་ཞིབ་གནང་། 
        ལི་ཁེ་ཆང་གིས་ཨོ་མིན་ཕྱིར་ཀྲུང་གོར་ལོག་པ་ནས་བཟུང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་རེད། ལོ་ངོ་གཉིས་ཀྱི་སྔོན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མིན་ལ་གཟིགས་ཞིབ་གནང་སྐབས་ཨོ་མིན་དམིགས་བསལ་སྲིད་འཛིན་སྲིད་གཞུང་གི་ལས་ཀར་ཁས་ལེན་གནང་བ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་བླང་བྱ་གསར་པ་བཏོན་པར་མ་ཟད། དམིགས་བསལ་སྲིད་འཛིན་ཁུལ་གྱིས་མུ་མཐུད་དུ་ལག་བསྟར་བྱ་དགོས་པའི་དགོངས་འཆར་བཏོན། སྲིད་འཛིན་འགན་འཛིན་པ་ཚུའེ་ཧྲི་ཨན་གྱི་སྣེ་ཁྲིད་འོག་ཐེངས་འདིའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་བརྟན་བརླིང་ངང་སྲིད་ཇུས་ལག་བསྟར་བྱས་པ་དང་བྱས་རྗེས་ཅན་གྱི་ལས་ཀ་མང་པོ་བསྒྲུབས་པ་རེད། དེ་མིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་རྨང་གཞིའི་ཁྲིམས་ལག་བསྟར་བྱས་ཏེ་རྒྱལ་གཅེས་ཨོ་གཅེས་ཀྱི་གཙོ་རྒྱུགས་ཀྱི་རིན་ཐང་ལྟ་ཚུལ་བརྟན་འཇགས་སུ་གྱུར་བར་མ་ཟད་དེ་མཐུན་གྱི་གྲུབ་འབྲས་ཆེན་པོ་བླངས་པ་རེད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1