འཚོལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



ནང་དོན་མདོར་བསྡུས།
     གློག་བརྙན་འདིའི་ནང་དོན་མདོར་བསྡུས་ཤིག་ཞུས་ན་འདི་ལྟ་སྟེ། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་གློག་བརྙན་དུ་འཕབ་ཆེད་འཁྲབ་སྟོན་པ་བཙལ་དུ་འཁྲབ་ཁྲིད་པ་གཙོས་མི་བཞིས་ལམ་རིང་ཐུང་གི་དུས་ཚོད་གཏམ་གྱིས་བཅད་དེ།  སྡེ་ཆེན་པོ་ཨ་ལོང་ཉུལ་ཉུལ་གྱིས་དམངས་ཁྲོད་ཟློས་གར་ཚོགས་པ་དང་སྡེ་བ་དང་དགོན་པ་སོགས་ནས་དྲི་མེད་ཀུན་ལྡན་འཁྲབ་སྟོན་བྱེད་པའི་མི་སྣ་ཞིག་བཙལ་བའི་གཏམ་རྒྱུད་ཧྲིལ་བོ་དང་། གཞན་འཁྲབ་ཁྲིད་པའི་འགྲོ་རོགས་ཚོང་བ་དེའི་རང་གི་མི་ཚེའི་བརྒྱུད་རིམ་དང་འབྲེལ་ཏེ་ཁོ་དང་ཁོའི་ཆུང་འདྲིས་བྱམས་པའི་དགའ་སྐྱོ་ཟུང་གི་གཏམ་རྒྱུད་རྣམས་ཞིབ་བརྗོད་བྱས་འདུག  དེར་མཐུད་དམངས་ཁྲོད་ཟློས་གར་ཚོགས་པ་ཞིག་ནས་མན་དྷེ་བཟང་མོ་འཁྲབ་སྟོན་པར་བཙལ་བའི་སློབ་གྲྭར་འགྲོ་མ་མྱོང་བའི་བུ་མོ་དེ་དང་། སློབ་ཆེན་ནས་གསར་དུ་མཐར་ཕྱིན་པའི་མོའི་དགའ་རོགས་གཉིས་ཀྱི་བརྩེ་དུང་དང་ཁོ་མོས་དགའ་རོགས་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་བ་བཅས་གཏམ་རྒྱུད་གང་མང་ཞིག་གིས་གློག་བརྙན་ཧྲིལ་བོར་ཕོ་མོ་ཟུང་གི་བརྩེ་དུང་གི་མེ་ཏོག་ལྷམ་མེར་བཞད་པར་བྱས་ཡོད།
     གཞན་དུ་ན་དྲི་མེད་ཀུན་ལྡན་འཚོལ་བའི་གོ་རིམ་ཁྲོད་ཁོང་ཚོ་ཟ་ཁང་དང་ཆང་ཁང་། དེ་ནས་སྡེ་བ་དང་དགོན་པ་རེ་རེ་ནས་དམངས་ཁྲོད་ཀྱི་མི་སྣ་གང་མང་དང་ཕྲད་ཅིང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་གྱིས་བོད་མི་རེ་རེར་བག་ཆགས་ཟབ་མོ་བཞག་ཡོད་པ་དང་གཙོ་བོར་བྱམས་སྙིང་རྗེ་དང་གཞན་ཕན་ལ་དགའ་བའི་མི་རིགས་ཤིག་གི་འཚོ་བ་ཟ་དང་ཟུར་ན་བརྗོད་ཡོད། ཡིན་ནའང་དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་དེ་དག་རེ་རེ་བཞིན་འགྱུར་གྱིན་པ་དང་བོད་ཀྱི་དམངས་ཁྲོད་ན་རིག་གནས་སྒྱུ་རྩལ་ལ་མཁས་པའི་མི་མང་བོ་ཞིག་ཡོད་པའང་གཏམ་རྒྱུད་ཀྱི་ཞོར་དང་ཟུར་དུ་བརྗོད་འདུག
       མཐར་དྲི་མེད་ཀུན་ལྡན་གྱི་འཁྲབ་སྟོན་མཁན་ལ་འོས་པའི་མི་སྣ་ཞིག་མ་རྙེད་ཅིང་།དྲི་
མེད་ཀུན་ལྡན་ནི་བྱམས་དང་སྙིང་རྗེས་ཕྱུག་པའི་མི་སྣ་ཞིག་ཡིན་པས། འཁྲབ་སྟོན་བྱེད་ཤེས་པ་ཙམ་གྱི་མི་སྣ་ཞིག་གིས་མི་འཇོན་པ་ཤེས་ཏེ་འཁྲབ་ཁྲིད་པས་ཀྱང་བདག་གིས་དྲི་མེད་
ཀུན་ལྡན་འཁྲབ་སྟོན་མཁན་ལ་མི་ཅི་འདྲ་འོས་པའང་མི་ཤེས་པར་གྱུར་ཞེས་བཤད་པ་དང་སྒྱུ་རྩལ་གྱི་མཚོན་ཐབས་ལ་གཞིགས་ན་དྲི་མེད་ཀུན་ལྡན་དངོས་འཚོལ་བ་དང་ཆ་འདྲ་པོ་ཞིག་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1