རང་རེའི་ཞིང་ཆེན་གྱིས་ཟུང་ཆུ་རྫོང་གི་དམར་དམག་རྗེས་དྲན་གྱི་རྡོ་རིང་ར་བར་མེ་ཏོག་འབུལ་བའི་བྱེད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-12


   

             སྤྱི་ཟླ་10པའི་ཚེས་11ཉིན་གྱི་སྔ་དྲོར། རང་རེའི་ཞིང་ཆེན་གྱིས་རྔ་བ་ཁུལ་ཟུང་ཆུ་རྫོང་གི་དམར་དམག་རྒྱང་སྐྱོད་ཀྱི་རྡོ་རིང་ར་བར་མེ་ཏོག་ཕུལ་བའི་བྱེད་སྒོ་སྤེལ། ཀྲུང་གོའི་བཟོ་ཞིང་དམར་དམག་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་བླངས་ནས་ལོ་འཁོར་80ལོན་པར་དྲན་གསོ་བྱེད་པའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙིན་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོའུ་ཀའོ་ཀྲུང་། ནུབ་རྒྱུད་འཐབ་ཕྱོགས་ས་ཁུལ་གྱི་དམག་ཇུས་པ་གཞོན་པ་ཧན་ཧྲིན་ཡན་དང་། ནུབ་རྒྱུད་འཐབ་ཕྱོགས་ས་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ནུབ་རྒྱུད་འཐབ་ཕྱོགས་ས་ཁུལ་གྱི་མཁའ་དམག་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་ཧྲུའུ་ཆིན་ཡོས་སོགས་དང་།ལས་རིགས་ཁམས་སོ་སོའི་མི་དམངས་མང་ཚོགས་ཀྱི་འཐུས་ཚབ་པ་དང་ལྷན་ཕེབས་རྣམས་རྗེས་དྲན་བྱེད་སྒོའི་ཁྲོད་དུ་བཞུགས།

              རྗེས་དྲན་མཛད་སྒོ་མཇུག་སྒྲིལ་རྗེས། ཝང་ཏུང་མིང་དང་དབྱི་ལི། ཁོ་ཙིན་ཕིང་སོགས་ཀྱིས་རྗེས་དྲན་རྡོ་རིང་ཉེ་འགྲམ་དུ་འཆམ་འཆམ་བྱས་ཏེ། རྗེས་དྲན་རྡོ་རིང་དང་རྗེས་དྲན་རྡོ་རིང་ངོས་ཀྱི་ཡི་གེ མེ་སོན་ལག་ཏུ་བཟུང་བའི་འཇིམ་བརྐོ་དང་། གཡོན་ཕྱོགས་སུ་ཡོད་པའི་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོའི་རྡོ་རིང་དང་འཇིམ་བརྐོ་ཁག་ལ་བློ་ཞིབ་མོའི་གཟིགས་ཞིབ་གནང་། དེ་རྗེས་དམག་དཔུང་དང་ས་གནས་ཀྱི་འགོ་ཁྲིད། འབྲེལ་ཡོད་སྡེ་ཁག་གི་འཐུས་ཚབ་པ་དང་ལས་རིགས་ཁག་སོ་སོའི་མང་ཚོགས་རྣམས་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོ་ཁང་ཏུ་ལྟ་སྐོར་དུ་ཕེབས་ནས། བརྩེ་བ་ཟབ་མོའི་སྒོ་ནས་དམར་དམག་རྒྱང་སྐྱོད་བྱས་པའི་དཔའ་བོའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ། དམར་དམག་གིས་ཀྲུང་ཧྭ་མི་རིགས་བཅངས་འགྲོལ་བྱས་པའི་ཐད་བཞག་པའི་བྱས་རྗེས་ལ་རྗེས་དྲན་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1