དམར་དམག་རྒྱང་སྐྱོད་ཀྱི་བོད་ཁུལ་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་དམར་དམག་རྒྱང་སྐྱོད་ཀྱི་གསར་བརྗེའི་གནས་གཞི་བཙན་ལྷ་རྫོང་དུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-13


          

            ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་སྒྲུབ་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དང་སི་ཁྲོན་དགེ་འོས་སློབ་གྲྭ་ཆེན་མོས་སྒྲུབ་རོགས་བྱས་ཤིང་། ཀྲུང་གོའི་བོད་རིགས་པའི་དུས་དེབ་ཁང་དང་བཙན་ལྷ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྒྲུབ་འགན་ཁུར་བའི་དམར་དམག་རྒྱང་སྐྱོད་བོད་ཁུལ་ཏུ་བྱས་པ་ཞེས་པའི་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་ཟླ་10བའི་ཚེས10ཉིན་དམར་དམག་རྒྱང་སྐྱོད་ཀྱི་གནས་གཞི་བཙན་ལྷ་རྫོང་དུ་སྤེལ། 

           ཀྲུང་གོའི་བོད་རིགས་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཁང་། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དང་། སི་ཁྲོན་ཞིང་ཆེན་ཏང་གི་ལོ་རྒྱུས་གཞུང་ལས་ཁང་། སི་ཁྲོན་དགེ་ཐོན་སློབ་གྲྭ་ཆེན་མོ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། སི་ཁྲོན་རིག་རྩིས་སློབ་གླིང་། བཙན་ལྷ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭ། དེ་མིན་བཙན་ལྷ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་སོགས་ལས་ཁུངས་ཀྱི་ཆེད་མཁས་པ་50ལྷག་ཐེངས་འདུའི་གྲོས་ཚོགས་ལ་བཞུགས། སི་ཁྲོན་ཉིན་རེའི་ཚགས་པར་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁམས་པ་བརྙན་འཕྲིན་ཁང་། རྔ་བ་ཉིན་རེའི་ཚགས་པར་ཁང་། རྔ་བ་ཁུལ་བརྙན་འཕྲིན་ཁང་སོགས་སྨྱན་སྦྱོར་མང་པོས་ཐེངས་འདུའི་གནས་ཚུལ་སྐོར་གྱི་གསར་འགྱུར་སྤེལ་བསྒྲགས་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1