ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོའུ་གོ་ཀྲུང་གིས་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་ཡིས་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀ་དོན་འཁྱོལ་ཡོང་བར་བྱས་པའི་ལས་ཀའི་སྙན་ཞུའི་གྲོས་ཚོགས་ཐོག་སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་སེལ་འགག་སྒྲོལ་བྱ་དགོས་ཞེས་ནན་གྱིས་བསྟན།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-14


             སྤྱི་ཟླ་10པའི་ཚེས་12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོའུ་ཀུའོ་ཀྲུང་གིས་ཁྲེན་ཏུའུ་རུ་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་ཡིས་དབུལ་སེལ་འགག་སྒྲོལ་གྱི་ལས་ཀ་དོན་འཁྱོལ་ཡོང་བར་བྱེད་པའི་ལས་ཀའི་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དུས་སྐབས་སྔོན་མའི་ལས་ཀར་སྤྱི་བསྡོམས་དང་། འབྲེལ་ཡོད་གནད་དོན་ཁག་ལ་གྲོས་མོལ་གནང་སྟེ། ལོ་ཧྲིལ་བོའི་དམིགས་ཡུལ་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། བཟོ་ཞིང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆུས་མོའུ་ཧྲི་ཧྭ་དང་ཞིང་དཔོན་གཞོན་པ་ཝང་མིང་ཧེ་ཚོགས་ཐོག་ཏུ་བཞུགས།
             ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་དང་། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་བཟོ་ཞིང་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་ཀྱིས་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱེད་པ་དང་མ་སྐུལ་དང་བླངས་ཀྱིས་དབུལ་སེལ་འགག་སྒྲོལ་ཀྱི་ལས་ཀར་སྐུལ་འདེད་གཏོང་བའི་ལས་ཀའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ།
           གཏམ་བཤད་ལ་གསན་རྗེས། ལོའུ་ཀོའུ་ཀྲུང་གིས་ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་ནི་དབུལ་སེལ་འགག་སྒྲོལ་གྱི་སྟོབས་ཤུགས་གཙོ་བོ་ཡིན་པས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་དུས་རིམ་གྱི་བླང་བྱ་གཞིར་བཟུང་སྟེ། ད་ལོ་ནས་བཟུང་ཕན་འབྲས་ལྡན་པའི་ལས་ཀ་མང་པོ་སྒྲུབ་གང་ཐུབ་བྱས་པར་བརྟེན། ཧུར་ཐག་དང་གཏིང་ཟབ། དངོས་སྒྲུབ། ཕན་འབྲས་ལྡན་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་ཐུབ་ཡོད་ཅེས་བསྟན།
 ལོའུ་ཀོའུ་ཀྲུང་གིས་སེམས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཧུར་ཐག་འབད་ཐག་བྱས་ཏེ། གནད་དོན་གྱི་མི་འདང་སར་ཁ་གཏད་ནས་སྐུལ་འདེད་དོན་འཁྱོལ་ཡོང་བར་བྱ་དགོས། སྡེ་ཁག་སོ་སོའི་འགོ་ཁྲིད་གཙོ་བོ་རྣམས་ཀྱིས་དབུལ་སེལ་འགག་སྒྲོལ་གྱི་ལས་ཀ་དེ་དམ་འཛིན་བྱེད་པ་དང་། གཞི་རིམ་དུ་བསྐྱོད་པ་ཞེས་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཐོག  ཐབས་བརྒྱ་ཇུས་སྟོང་གིས་བྱེད་ཐབས་ནུས་ལྡན་གྱིས་དོན་དངོས་ཐོག་གནད་དོན་ཐག་གཅོད་དང་ལས་ཀར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན།           
          སང་ལོའི་ལས་ཀའི་འགན་འཁྲི་ལེགས་འགྲུབ་ཡོང་བར་འཆར་གཞི་བཀོད་པ་དང་ལོ་སྔོན་མའི་མཉམ་མྱོང་དང་བྱེད་ཐབས་ལ་ཕྱོགས་བསྡོམས་བྱས་ཏེ། ཐོན་ལས་ཀྱིས་དབུལ་སྐྱོར་བྱེད་པ་དང་ལས་ཞུགས་ཡོང་འཕར་སོགས་ཀྱིས་དབུལ་སེལ་ཡོང་བར་བྱེད་པ་དེ་གཙོ་གནད་དུ་བཟུང་ནས། རྣམ་གྲངས་སོ་སོའི་ལས་ཀ་ཁག་སྔར་ལས་ནུས་ལྡན་དང་རང་འགུལ་གྱི་སྒོ་ནས་སྒྲུབ་དགོས་པ་དང་བཞི་བཟང་གྲོང་སྡེ་འཛུགས་སྐྲུན། དྲུག་ཡོད་ཀྱི་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན། སྐབས་བརྗེ་བྱས་རྗེས་སུ་དབུལ་སེལ་འགག་སྒྲོལ་གྱི་ལས་བྱེད་པར་གསོ་སྦྱོང་བྱེད་པ་སོགས་ལས་ཀ་བཀོད་སྒྲིག་གནང་། ཁོང་གིས་ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་ཡིས་ལས་ཀའི་འགན་སྒྲུབ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དབུལ་སེལ་འགག་སྒྲོལ་བྱེད་པའི་ཁྲོད་དུ་དཔེ་སྟོན་གྱི་སྣེ་ཁྲིད་པ་དང་མདུན་གྲལ་དུ་བསྐྱོད་དགོས་པའི་བླང་བྱ་བཏོན།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1