དར་མདོ་གྲོང་ཁྱེར་གྱིས་སྐབས་དང་པོའི་དར་མདོའི་སེམས་འགུལ། སྤྱོད་བཟང་མི་སྣ་ཞེས་པའི་གཟེངས་བསྟོད་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-17


        གོམ་གང་མདུན་སྤོས་ཀྱིས་དར་མདོ་གྲོང་ཁྱེར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བའི་ཕྱོགས་བསྡུས་སྐུལ་སྤེལ་དཔེ་སྟོན་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་ཁྱོན་ཡོངས་ནས་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་ཉེ་འགྲམ་གྱི་གཞུང་དྲང་མི་སྣ་དང་ཀུན་སྤྱོད་དཔེ་སྟོན་མི་སྣའི་སྣེ་ཁྲིད་ནུས་པར་སྐུལ་སློང་བྱ་ཆེད། གྲོང་ཁྱེར་ཡོངས་ལ་ངོ་ཚ་ལྡན་ཞིང་སྤྱོད་ལམ་བཟང་བ། རྣམ་དཀར་དགེ་བྱས་དང་ཡ་རབས་ཚུལ་མཐུན་ཞེས་པའི་སྤྱི་ཚོགས་ཡར་སྐུལ་གྱི་སྤྱོད་བཟང་ཁོར་ཡུག་ཅིག་ཆགས་ཤིང་། དེས་ནི་དར་མདོ་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལེགས་པར་མཚོན་པ་རེད། སྤྱི་ཟླ་10ཚེས་13ཉིན། དཀར་མཛེས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་2016ལོའི་དར་མདོ་གྲོང་ཁྱེར་གྱི་སྐབས་དང་པོའི་དར་མདོའི་སེམས་འགུལ། སྤྱོད་བཟང་མི་སྣ་ཞེས་པའི་གཟེངས་བསྟོད་བྱེད་སྒོ་གཟབ་རྒྱས་ངང་སྤེལ།། 


བྱེད་སྒོའི་ཡུལ་དངོས། 


གཟེངས་བསྟོད་ཐོབ་པའི་སྤྱོད་བཟང་མི་སྣ་རྣམས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1