མཛུབ་སྨྱོ་ལྷག་པ་ཚེ་རིང་གི་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ལྷ་སར་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ། ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 10-17


        སྤྱི་ཟླ་10པའི་ཚེས་12ཉིན། བོད་རང་སྐྱོང་ལྗོངས་རིག་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རང་སྐྱོང་ལྗོངས་ཡིག་གཟུགས་པའི་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པ། རང་སྐྱོང་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་རོགས་སྒྲུབ་བྱས་པའི་མཛུབ་སྨྱོ་ལྷག་པ་ཚེ་རིང་གི་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དེ་བོད་རང་སྐྱོང་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་སྤེལ།

        བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་རོང་ཐའེ། རང་སྐྱོང་ལྗོངས་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ། རང་སྐྱོང་ལྗོངས་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་བཀྲ་ཤིས། ལྷ་ས་གྲོང་ཁྱེར་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་མིང་། བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྤེལ་བློ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གསང་བདག་རྡོ་རྗེ་དང་ཆོས་འཕེལ་སོགས་ཐེངས་འདིའི་ཡིག་གཟུགས་སྒྱུ་རྩལ་འགྲེམ་སྟོན་སྟེང་ཞུགས།

        ཐེངས་འདིའི་འགྲེམ་སྟོན་བརྩམས་ཆོས་ནི་མཛུབ་སྨྱོ་ལྷག་པ་ཚེ་རིང་གི་བརྩམས་ཆོས་300ལྷག་གི་ཁྲོད་ནས་གདམ་གསེས་བྱས་པའི་བརྩམས་ཆོས་100ལྷག་ཡིན་ཞིང་། དེ་དག་ལས་འབྲུ་ཚ་དང་ཤར་བྲིས་གཙོར་བྱས་ཡོད།

        ཐེངས་འདིའི་འགྲེམ་སྟོན་སྤྱི་ཟླ་10པའི་ཚེས་17ཉིན་བར་རྒྱུན་མཐུན་བྱ་རྒྱུ་རེད།  ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1