ཐང་ག་ཆེན་མོ་བ་དིས་ཆུང་བུ་རྒན་ལགས་ཀྱི་བརྩམས་ཆོས་བདམས་བཀོད།

འོད་ཟེར། ཀྲན་དབྱང་གིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-17


        布根,四川省藏文学校教师,出生于甘孜州德格县龚垭乡阿罗村,1986年从四川省藏文学校美术班毕业并留校任教至今。现任省藏校唐卡绘画专职副教授,是全国民族技艺职业教育教学指导委员会委员,四川省美术家协会会员,甘孜州非物资文化遗产传承人。

སྒྲོལ་མ་ཉེར་གཅིག།

二十一尊度母


སྒྲོལ་མ་དཀར་མོ།

白度母


        སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཐང་ག་བ་ཆེན་མོ་དགེ་རྒན་དིས་ཆུང་བུ་རྒན་ལགས་ནི། 1964ལོའི་ཟླ་1པོའི་ཚེས་15ཉིན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ལྕང་ར་ཤང་ཨ་ལོ་སྡེ་བ་དིས་རིའི་སྒང་དུ་སྐུ་འཁྲུངས་ཤིང་། 1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་རི་མོ་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་སྐབས། སྦྱངས་འབྲས་ཕུལ་དུ་བྱུང་བས་སློབ་གྲྭ་དེར་ལས་བགོས་གནང་སྟེ་ད་བར་རི་མོ་དགེ་རྒན་གྱི་ཕྱག་ལས་མཛད། དེང་འདིར་སྐུ་ཉིད་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཐང་ག་རི་མོའི་ཆེད་ཁྲིད་སློབ་དཔོན་གཞོན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་ལག་རྩལ་སྒྱུ་རྩལ་ལས་རིགས་སློབ་གསོ་སློབ་ཁྲིད་སྐོར་གྱི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་མཛེས་རྩལ་ལྷན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་མངོན་མེད་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྒྱུན་འཛིན་པ། དཀར་མཛེས་ཁུལ་གྱི་གེ་སར་ཐང་ག་སྟོང་བྲིས་ཀྱི་སྤྱི་གཉེར་ཁང་གི་ཆེད་མཁས་དཔྱད་བརྗོད་པ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ཤམ་བྷ་ལ་ཐང་ག་སྟོང་བྲིས་ཀྱི་སྤྱི་གཉེར་ཁང་གི་ཆེད་མཁས་དཔྱད་བརྗོད་པ། དཀར་མཛེས་ཁུལ་བོད་ཀྱི་རི་མོ་གླིང་གི་རི་མོ་བ་ཆེན་མོ། ཐང་ལྷ་ཚེ་དབང་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་སོགས་ཀྱི་ཕྱག་འགན་བཞེས་ཡོད།


ཟངས་མདོག་དཔལ་རི།
铜色山

        ཀརྨ་སྒར་བྲིས་ནི་བོད་ཀྱི་བཟོ་རིག་སྒྱུ་རྩལ་ལས་བྲིས་རྒྱུན་ཐུན་མོང་མ་ཡིན་པ་ཞིག་ཡིན། གནའ་སྔ་མོ་ནས་བཟུང་ཐང་ག་རི་མོའི་སྒྱུ་རྩལ་ནི་ཕལ་ཆེ་བ་ཁྱིམ་རྒྱུད་ནང་ཁུལ་དུ་རྒྱུད་བཞིན་ཡོད། ཨ་ལོ་སྡེ་བ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་འཁྲུངས་ཡུལ་ཡིན་ལ། ཁོང་ཉིད་ཀརྨ་སྒར་བྲིས་ཐུན་མིན་ཁྱད་ཆོས་ལྡན་པའི་བརྒྱུད་འཛིན་པ་རིམ་བྱོན་དང་། སྐུ་ཉིད་ཀྱིས་ཐུགས་བསྐྱེད་རྨད་དུ་བྱུང་བའི་སྨོན་ལམ་བཟང་པོ་ཐེབས་ཡོད། དེ་ནས་རང་ཉིད་ལ་ཆུང་དུས་ནས་བག་ཆགས་ཟབ་མོ་ཐེབས་ཤིང་། ཐང་ག་སྒྱུ་རྩལ་ལ་དགའ་ཞེན་ཆེན་པོ་སྐྱེས། ལོ་ན་ཕྲ་བའི་དུས་ནས་རི་མོ་མཁན་ཆེན་བླ་མ་ཐང་ལྷ་ཚེ་དབང་ཉིད་དགེ་རྒན་ལ་བསྟེན་ནས་ཐང་ག་འབྲི་བཞེངས་ཀྱི་ཤེས་བྱ་མཐའ་དག་སྦྱོང་། དེ་རྗེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་འཛུགས་བྱེད་པའི་གོ་སྐབས་བཟང་པོ་དང་འཕྲད་དེ། མུ་མཐུད་ནས་ཐང་ལྷ་ཚེ་དབང་གི་མདུན་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྲོལ་རྒྱུན་རི་མོ་སློབ་ཁྲིད་མཛད་པའི་འཛིན་གྲྭར་ཞུགས་ནས། བླ་མ་ཚང་གི་ཐུགས་སྲས་གཙོ་བོ་གཅིག་ཏུ་གྱུར། ཁོང་གི་བརྩམས་ཆོས་རྣམས་ཐེངས་མང་པོར་རྒྱལ་ཁབ་ཀྱི་མངོན་མེད་རིག་གནས་ཤུལ་བཞག་རྣམ་གྲངས་བཤམས་སྟོན་དང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཐང་ག་བཤམས་སྟོན། ཞིང་ཆེན་དང་ཁུལ་རིམ་པའི་བྱ་འགུལ་ཁག་གི་རི་མོ་བཤམས་སྟོན་སོགས་སུ་ཞུགས་པས་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད་དེ། དཔེར་ན་2013ལོར་སྒྲོལ་མ་ཉེར་གཅིག་གི་ཐང་ག་ལ་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གཉིས་ཀྱིས་རྩ་འཛུགས་བྱས་པའི་ཐེངས་དང་པོའི་ཀརྨ་བི་ཤྭའི་བུམ་པ་རྟགས་ཅན་གྱི་བོད་ཀྱི་ཕུལ་བྱུང་རི་མོའི་བཤམ་སྟོན་ལས་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། 2014ལོའི་ཟླ་5པའི་ཚེས་21ཉིན་ཐང་གའི་བརྩམས་ཆོས་མི་ལ་རས་པ་དང་། ཛམ་བྷ་ལ་སེར་པོ། སྒྲོལ་མ་དཀར་མོ་སོགས་ཀྲུང་གོའི་ཡིག་གཟུགས་དང་རི་མོ་ཞིབ་འཇུག་གླིང་གིས་འཛུགས་གཉེར་བྱས་པའི་འཛམ་གླིང་དུ་སྐྱོད་པ། ཀྲུང་གོའི་ཕུགས་འདུན། ཀྲུང་གོའི་ཞིང་པའི་རི་མོའི་ཉིང་བཅུད་བརྩམས་ཆོས། རྒྱལ་སྤྱི་མཉམ་འབྲེལ་ཚོགས་པའི་སྤྱི་ཚོགས་ཀྱི་བཤམས་སྟོན་ཆེན་མོ་རུ་ཞུགས་ཏེ། སྒྲོལ་མ་དཀར་མོ་དང་ལྷ་ཚོགས་ཞེས་པར་ཁྱབ་ཁོངས་སུ་ཚུད་པའི་བྱ་དགའ་ཐོབ། 2014ལོའི་ཟླ་11པར་སྒྲོལ་མ་ཉེར་གཅིག་གི་ཐང་ག་དེར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གནང་བའི་དཀར་མཛེས་ཁུལ་ཐེངས་དང་པོའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ལས་རི་མོ་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། དེ་ལྟར་ཁོང་གི་བརྩམས་ཆོས་ཁག་ལ་རྒྱ་ཆེའི་ཤེས་ཡོན་པ་དང་ཆེད་མཁས་རྣམས་ཀྱི་གདེང་འཇོག་ཚད་མཐོན་པོ་ཐོབ་ཅིང་། ཁོང་གིས་གསོ་སྐྱོང་བྱས་པའི་སློབ་མ་མང་པོ་རྒྱལ་ཡོངས་ཀུན་ཏུ་ཁྱབ་ཡོད་ཅིང་། ད་ལྟར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་དུ་བཟོ་རིག་དགེ་རྒན་གྱི་ཕྱག་ལས་གནང་མུས་སུ་ཡོད་དོ། ། 

ཕྱག་ན་རྡོ་རྗེ།
金刚持


རིགས་གསུམ་མགོན་པོ།

三怙主

སྒྲོལ་མ་ལྗང་ཁུ། 绿度母                                                                         སྒྲོལ་མ་དཀར་མོོ། 白度母

མི་ལ་རས་པ། 米拉热巴                                                                            རྡོ་རྗེ་སེམས་དཔའ། 金刚萨埵


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1