གཙོ་ངོས།>> སྒྱུ་རྩལ།>>རི་མོ།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༠ཚེས་༡༧ཉིན།

༄༅།། བོད་རིགས་བུད་མེད་བྱང་ཆུབ་སྒྲོལ་མས་བྲིས་པའི་ཐང་ག་གསར་པ།

བྱང་ཆུབ་སྒྲོལ་མ།

        བོད་རིགས་རི་མོ་སྒྱུ་རྩལ་པ་བྱང་ཆུབ་སྒྲོལ་མ་ལགས་ནི་1947ལོའི་ཟླ་1པོར་སི་ཁྲོན་འབའ་ཐང་རྫོང་དུ་སྐྱེས་ཤིང་། 1965ལོར་སི་ཁྲོན་ཞིང་ཆེན་མཛེས་རྩལ་སློབ་གླིང་གི་མི་རིགས་འཛིན་གྲྭ་ནས་སློབ་མཐར་ཕྱིན། ཁོ་མོ་ནི་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་སི་ཁྲོན་མཛེས་རྩལ་ལས་མཁན་མཐུན་ཚོགས་ཀྱི་ཚོགས་མི། ཨ་མེ་རི་ཁའི་རྒྱལ་སྤྱིའི་རིག་གནས་ཚན་རིག་སློབ་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཡིག་རིས་ཁང་གི་ལྷ་རིས་པ།   སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་ཡི་སྙན་ངག་དང་དཔེ་རིས་ཞིབ་འཇུག་ཁང་གི་ལས་འཛིན་པ། རྒྱལ་ཁབ་རིམ་པ་དང་པོའི་མཛེས་རྩལ་མཁས་པ་སོགས་ཡིན།

        ཁོ་མོས་ལོ་ངོ་མང་པོའི་རིང་ལ་བོད་ཁུལ་གྱི་འཚོ་བ་མཚོན་པའི་རི་མོའི་བརྩམས་ཆོས་མང་པོ་དང་བོད་ཀྱི་སྲོལ་རྒྱུན་གྱི་རི་མོའི་འབྲི་ཐབས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་ཞིང་། དེ་ལས་བརྩམས་ཆོས་མང་པོ་སྐབས་ལྔ་པ་དང་དྲུག་པ། བདུན་པ། དགུ་པའི་རྒྱལ་ཡོངས་རི་མོའི་འགྲེམ་སྟོན་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རི་མོའི་འགྲེམ་སྟོན། ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རི་མོ་འགྲེམ་སྟོན་སོགས་ཀྱི་སྟེང་དུ་འགྲེམ་སྟོན་གནང་། ཁོང་གི་བརྩམས་ཆོས་ལ་སྔ་རྗེས་སུ་རྒྱལ་ཡོངས་སྐབས་དགུ་པའི་རི་མོའི་འགྲེམ་སྟོན་སྟེང་ཕུལ་བྱུང་གཟེངས་རྟགས(མཉམ་འབྲེལ་བརྩམས་ཆོས།)དང་ཞིང་ཆེན་རིམ་པའི་གཟེངས་རྟགས་ཨང་དང་པོ་གཉིས། དངུལ་གྱི་རྟགས་མ་གཅིག ཨང་གཉིས་པའི་གཟེངས་རྟགས་གསུམ། ཨང་གསུམ་པའི་གཟེངས་རྟགས་གསུམ། ཕུལ་བྱུང་བརྩམས་ཆོས་ཀྱི་གཟེངས་རྟགས་དྲུག་བཅས་ཐོབ་པ་དང་། བརྩམས་ཆོས་དག་སྔོན་ཆད་ཞང་ཀང་དང་ཨར་ཅི་རི་ཡ། འཇར་པན། སིང་གྷ་ཕོར་སོགས་རྒྱལ་ཁབ་དག་ཏུ་འགྲེམ་སྟོན་གནང་། 

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བོད་ཁུལ་དུ་ཕེབས་བཞིན་པའི་རྣམ་པ།


རྟ་རྒྱུགས།  

གསེར་རྟའི་རྩྭ་ཐང་། 

གནའ་བོའི་སྒྲ་སྙན། 

ཨ་མའི་གཅེས་ཕྲུག

དར་མདོའི་མཛའ་གཞས། 

མཆོད་མེ།

མཐོ་སྒང་གི་གཏམ་རྒྱུད། 

སྟག་མའི་མེ་ཏོག

སྐྲ་ཤད། 

ཐང་གའི་ཆ་ཤས་ཤིག

མེ་ཏོག་གངས་ལྷ། 


དཔྱིད་དཔལ་བསུ་བ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1