སེར་ཤུལ་རྫོང་སྲིད་གྲོས་ཀྱིས་ཤང་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱས།

སྐལ་རྒྱམ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-18


         ཤང(གྲོང་རྡལ)གི་སྨན་བཅོས་འཕྲོད་བསྟེན་ལས་ཀར་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཚོད་ལྟ་རྒྱལ་ཁ་ཕུ་ཐག་ཆོད་པའི་ཆེད་དུ།  ཉེ་ཆར། སེར་ཤུལ་རྫོང་སྲིད་གྲོས་ཀྱིས་ལས་སྒྲུབ་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་སུ་ཉན་འཇོག་དང་བཅར་འདྲི་བྱེད་པའི་བྱེད་ཐབས་སྤྱད་ནས་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)23གྱི་འཕྲོད་བསྟེན་ཁང་དུ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད། 
         ལས་སྒྲུབ་ཚོ་ཆུང་གིས་ཤང(གྲོང་རྡལ)གི་གཞི་རིམ་འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣ་མི་འདང་བ་དང་། སྨན་བཅོས་སྒྲིག་ཆས་ཞན་པ། སྨན་བཅོས་སྒྲིག་ཆས་བེད་སྤྱོད་བྱེད་ཤེས་པའི་ལག་རྩལ་མི་སྣ་དཀོན་པའི་གནས་ཚུལ་ལ་དམིགས་ནས་གོང་རིམ་གཙོ་སྐྱོང་སྡེ་ཁག་གིས་སྔར་བཞིན་སེར་ཤུལ་རྫོང་གི་ཤང(གྲོང་རྡལ)ལ་དམིགས་བསལ་གྱི་སྨན་བཅོས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ནད་པའི་དགོས་མཁོ་སྐོང་ཐུབ་པར་བྱ་རྒྱུ་དང་། ད་ཡོད་ཀྱི་ཤང(གྲོང་རྡལ)གི་སྨན་བཅོས་མི་སྣའི་ལས་སྒོའི་ལག་རྩལ་འཇོན་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། སེར་ཤུལ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་སོགས་གཙོ་སྐྱོང་སྡེ་ཁག་གིས་ཚན་པ་དང་དུས་རིམ་བགོས་ནས་ཤང(གྲོང་རྡལ)གི་སྨན་བཅོས་མི་སྣ་གསོ་སྦྱོང་བྱ་རྒྱུའི་འཆར་གཞི་དང་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་མགྱོགས་མྱུར་དུ་གཏན་འཁེལ་བྱས་པར་བརྟེན།  སྨན་བཅོས་མི་སྣའི་ལས་རིགས་ཀུན་སྤྱོད་དང་ལས་སྒོ་ཆུ་ཚད་མཐོ་རུ་གཏང་དགོས། རྫོང་ཨུ་དང་རྫོང་སྲིད་གཞུང་གི་དམིགས་འབེན་ལྟ་སྐུལ་ཞིབ་བཤེར་གཞུང་ལས་ཁང་དང་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱིས་ཤང(གྲོང་རྡལ)གི་འཕྲོད་བསྟེན་ཁང་དང་ཤང(གྲོང་རྡལ)གི་སྨན་བཅོས་མི་སྣའི་ལོ་འཁོར་གྱི་སྨན་པའི་ཀུན་སྤྱོད་དམིགས་ཚད་དཔྱད་ཞིབ་ཀྱི་ནང་དོན་ཞིབ་ཕྲ་བཟོས་དགོས་པས་མ་ཚད། བྱ་དགའ་དང་ཆད་གཅད་ཁ་གདན་ཚིག་གནས་བྱས་པའི་དུས་མཚུངས་སུ། གཙོ་སྐྱོང་སྡེ་ཁག་ལ་ལོ་འཁོར་གྱི་དཔྱད་ཞིབ་གདེང་འཇོག་ཡར་ཞུ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1