གངས་ལྗོངས་ཡུལ་གྱི་འབུ་བརྐོའི་དུས་ཚིགས།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-19


གངས་ལྗོངས་ཡུལ་གྲུ་ཀུན་ཏུ་སླར་ཡང་དབྱར་རྩྭ་དགུན་འབུ་རྐོ་བའི་ཚ་རླབས་ཤིག་དབྱར་གྱི་དཔལ་ཡོན་དང་ལྷན་དུ་འཕྱུར།

བཅོས་བསྒྱུར་སྒོ་འབྱེད་དང་ནུབ་ཕྱོགས་གསར་སྤེལ་ཆེན་པོའི་ཁྲོད་དུ་བོད་ཁུལ་མི་དམངས་ཀྱི་འཚོ་བ་ཡང་ཉིན་རེ་བཞིན་དར་རྒྱས་ཕུན་སུམ་ཇེ་ཚོགས་སུ་ཕྱིན། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། མཐོ་སྒང་གི་དབྱར་རྩ་དགུན་འབུའི་རིན་གོང་ཇེ་མཐོར་ཕྱིན་པས། བོད་ཁུལ་མང་ཚོགས་ཀྱི་ལོ་རེའི་ལས་ཞོར་གྱི་དཔལ་འབྱོར་ཡོང་སྒོ་གཙོ་བོར་གྱུར།

ལོ་རེའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ་སླེབས་དུས། བཟའ་མི་ཆེ་ཆུང་ཚང་མ་རི་མགོར་ཕྱིན་ནས་ཟླ་ཤས་རིང་དབྱར་རྩྭ་དགུན་འབུ་བརྐོ་བ་ནི་རྒྱུན་ལྡན་གྱི་འཚོ་བའི་གོམས་སྲོལ་ཞིག་ཏུ་གྱུར་ཟིན། ལོ་ཤས་སྔོན། དུད་ཚང་རེས་ལོ་རེར་དབྱར་རྩྭ་དགུན་འབུའི་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་ནས་ཁྲི་ཁ་ཤས་ཐོབ་བཞིན་ཡོད། ད་ལོར་དབྱར་རྩྭ་དགུན་འབུའི་རིན་གོང་ཅུང་དམའ་རུ་གྱུར་རུང་བོད་ཁུལ་གྱི་མང་ཚོགས་རྣམས་སྔོན་ལྟར་རི་མགོར་ཕྱིན་ནས་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་ལ་བྲེལ་བཞིན་ཡོད།  

དབྱར་རྩྭ་རྐོ་མཁན་ཞིག་གིས་རིག་པ་སྒྲིམ་ནས་དབྱར་རྩྭ་ཉུལ་བཞིན་པ། ཤེས་བྱས་པར་མཁོ་འདོན་བྱས།

一位农妇在专心寻虫草 图 / 西夏提供


དབྱར་རྩྭའི་ཚོང་ར། ཤེས་བྱས་པར་འཁོ་འདོན་བྱས།

虫草市场 图 / 西夏提供


དབྱར་རྩྭ་རྐོ་མཁན་རྣམས་ཀྱིས་མེ་ཐབ་འགྲམ་དུ་ཇ་སྐོལ་བཞིན་པ། པོ་ཀའོ་ཕེང་གིས་པར་བླངས།

夜幕降临,大家围在火堆边取暖,等待明天的收获。 图 / 溥高鹏དབྱར་རྩྭ་རྐོ་བའི་བརྒྱུད་རིམ། པོ་ཀའོ་ཕེང་གིས་པར་བླངས།

一位“淘金者”的收获 图 / 溥高鹏དབྱར་རྩྭ་རྐོ་བའི་དུས་ཚིགས་ལ་སླེབས་དུས། མང་ཚོགས་རྣམས་དཔུང་ཁག་བསྒྲིགས་ཏེ་དབྱར་རྩྭ་བརྐོ་བར་ཕྱིན་པ། པོ་ཀའོ་ཕེང་གིས་པར་བླངས།

虫草季节来临,人们开始向虫草区域进发。 图 / 溥高鹏




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1