རྔ་བ་ཁུལ་གྱི་སྐབས་བཞི་པའི་ཞོར་ལས་པའི་ནུས་རྩལ་འགྲན་སྡུར་མའོ་རྫོང་ནས་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-26



        སྤྱི་ཟླ་10པའི་ཚེས་25ཉིན། རྔ་བ་ཁུལ་གྱི་ངལ་ནུས་གསར་སྤེལ་དང་ཞོར་ལས་པའི་ལས་ཀའི་འགོ་ཁྲིད་ཚན་ཆུང་གིས་གཙོ་སྒྲུབ་བྱས་པའི་རྔ་བ་ཁུལ་གྱི་སྐབས་བཞི་པའི་ཞོར་ལས་པའི་ནུས་རྩལ་འགྲན་སྡུར་མའོ་རྫོང་འབྲིང་རིམ་ལས་རིགས་སློབ་གྲྭར་སྤེལ།


        རྔ་བ་ཁུལ་གྱི་རྫོང་(གྲོང་ཁྱེར་དང་ཆུས།)14ནས་ཡོང་བའི་འགྲན་ཞུགས་པ་129ཐེངས་འདིའི་འགྲན་སྡུར་ལ་ཞུགས་པ་དང་། འགྲན་སྡུར་ལ་འགྲན་རིམ་13བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་འགྲན་བསྡུར་ལ་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་ནང་དོན་འདུས་པར་མ་ཟད་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་མཐུན་པའི་གློག་རྡུལ་བཟོ་ཚོང་དང་ཞབས་ཞུ་ལས་རིགས་སོགས་ཀྱང་འདུས། དེ་མིན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚེམ་དྲུབ་དང་ཐང་ག་འབྲི་བཞེངས་སོགས་ཀྱི་འགྲན་རིམ་ཡང་འདུས།


        འགྲན་སྡུར་གྱི་བར་སྐབས་སུ། རྩ་འཛུགས་ཨུ་ལྷན་གྱིས་2013ལོའི་ཚུན་གྱི་བོད་ལུགས་རི་མོ་དང་མ་ཎི་རྡོ་བརྐོས་སོགས་རྔ་བ་ཁུལ་གྱི་ཁྱད་ཆོས་ལྡན་པའི་ནུས་རྩལ་གསོ་སྦྱོང་ཁྲོད་ཀྱི་ཕུལ་བྱུང་བརྩམས་ཆོས་དང་རྔ་བ་ཁུལ་གྱིས་བསྒྲིགས་པའི《ཐང་ག་འབྲི་སྦྱོང་།》《རྔ་བའི་ཁྱད་ཆོས་ལྡན་པའི་བོད་ཟས།》《བོད་ཆའང་ཧུའེ་རིགས་ཀྱི་གོམས་སྲོལ་བསླབ་དེབ།》སོགས་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཞོར་ལས་པའི་ནུས་རྩལ་གསོ་སྦྱོང་གི་བསླབ་དེབ་དཔེ་ཚོགས་འགྲེམ་སྟོན་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1