གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐུམ་འབུའི་ནད་སྔོན་འགོག་ལས་ཀའི་ཟབ་སྦྱོང་འཛིན་གྲྭ་དཀར་མཛེས་ཁུལ་དུ་འཚོགས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-27


   ཉེ་ལམ། ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་སྐུལ་འཕེལ་ཚོགས་པའི་མངག་བཅོལ་ལྟར། སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་སྐུལ་འཕེལ་ཚོགས་པས་ཐུམ་འབུའི་ནད་སྔོན་འགོག་ལས་ཀའི་ཟབ་སྦྱོང་འཛིན་གྲྭ་དང་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་སྔོན་འགོག་ལས་དོན་གྱི་ཟབ་སྦྱོང་ཚོགས་འདུ་དར་མདོ་ནས་འཚོགས། ཐེངས་འདིའི་ཟབ་སྦྱོང་ནི་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་སྔོན་འགོག་གི་འགག་སྒྲོལ་ལས་ཀ་ལོ་གཅིག་ལ་སྤེལ་བའི་ལག་ལེན་གཞིར་བཟུང་བ་ཡིན་ཞིང་། ལས་ཀའི་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་ཆེད་མཁས་པ་དག་གིས་མ་ལག་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1