མ་བཅོས་སྣུམ་གྱི་རིན་གོང་སྤོར་གྲབས་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


        རེས་སྐོར་གསར་པའི་མ་བཅོས་སྣུམ་གྱི་རིན་གོང་ལེགས་སྒྲིག་དེ་ཚེས་23ཉིན་འགོ་ཚུགས། རེས་སྐོར་འདིའི་རིན་གོང་ལེགས་སྒྲིག་ནི་རྒྱལ་སྤྱིའི་སྣུམ་རིམ་རྒྱུན་མཐུད་མཐོ་རུ་འགྲོ་བའི་དབང་གིས་མ་བཅོས་སྣུམ་གྱི་རིན་གོང་ལ་འགྱུར་ལྡོག་འགྲོ་བའི་ཚད་གཞི་དེ་མུ་མཐུད་དེ་ཇེ་མཐོར་འགྲོ་བཞིན་ཡོད། ཁྲོམ་རའི་ལས་ཁུངས་ཀྱིས་སྔོན་རྩིས་བྱས་པར་གཞིགས་ན་རེས་སྐོར་གོང་མའི་སྣུམ་རིན་ལེགས་བསྒྲིགས་དེ་ལེགས་སྒྲིག་བྱེད་དགོས་པའི་མཚམས་ཐིག་ཏུ་སླེབས་མེད་པར་ལེགས་སྒྲིག་བྱེད་མཚམས་གནས་སྐབས་ལྷོད་དུ་བཏང་རྗེས་རྒྱལ་ནང་གི་རླངས་སྣུམ་དང་བུད་སྣུམ་གྱི་རིན་གོང་ལོ་འདིའི་ནང་གི་ལེགས་སྒྲིག་ཐེངས་བཞི་པ་བྱས་པ་དང་སྔོན་དཔག་བྱས་ན་སྤྱི་བྲེ་རེར་ལེགས་སྒྲིག་བྱེད་ཚད་སྒོར་ཟུར་གཅིག་ལས་བརྒལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1