དཀར་མཛེས་རྫོང་གིས་འགོས་ནད་ཚབས་ཆེན་གྱི་ཕྱོགས་བསྡུས་བློ་འདྲིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-28


        ཉེ་ལམ། དཀར་མཛེས་རྫོང་འགོས་ཚད་སྔོན་འགོག་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་དྲིལ་བསྒྲགས་ཡིག་ཆ་འགྲེམ་པ་དང་ཡུལ་དངོས་བློ་འདྲི་སོགས་བྱེད་ཐབས་སྣ་མང་སྤྱད་དེ་ཐུམ་འབུའི་ནད་དང་ཨེ་ཛིའི་ནད་སགས་འགོད་ནད་ཚབས་ཆེན་གྱི་ཕྱོགས་བསྡུས་བློ་འདྲིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ། ཐེངས་འདིའི་བྱེད་སྒོ་སྟེང་ཁྱོན་བསྡོམས་དྲིལ་བསྒྲགས་ཡིག་ཆ་སྟོང་གསུམ་ལྷག་དང་མི་ཐེངས་བརྒྱ་ལྷག་གི་དྲི་བར་ལན་བཏབ། བྱེད་སྒོ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱིས་འགོས་ནད་ཚབས་ཆེན་དག་གི་མཆེད་ལམ་དང་སྔོན་འགོག་གི་ཐབས་ལམ། དེ་མིན་འབྲེལ་ཡོད་དམངས་ཕན་སྲིད་ཇུས་སོགས་ལ་རྒྱུས་ལོན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འགོས་ནད་ཚབས་ཆེན་གྱི་སྔོན་འགོག་འདུ་ཤེས་མཐོར་འདེགས་སུ་བཏང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1