སྐབས་དང་པོའི་རྒྱལ་ཡོངས་མི་རིགས་ཡིག་ཚགས་རིག་པའི་དཔྱད་གླེང་ཚོགས་འདུ་འཚོགས་པ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-28


        ཉེ་ལམ། སྐབས་དང་པོའི་རྒྱལ་ཡོངས་མི་རིགས་ཡིག་ཚགས་རིག་པའི་དཔྱད་གླེང་ཚོགས་འདུ་ཡུན་ནན་སློབ་གྲྭ་ཆེན་མོར་འཚོགས། 

        ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོ་དང་སི་ཁྲོན་སློབ་གྲྭ་ཆེན་མོ། ཝོ་ཧན་སློབ་གྲྭ་ཆེན་མོ། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ། ཀོང་ཞི་མི་རིགས་སློབ་གྲྭ་ཆེན་མོ། ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་སྟོན་པའི་རིག་གནས་ཞིབ་འཇུག་ཁང་། ཡུན་ནན་སློབ་གྲྭ་ཆེན་མོ་སོགས་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་30ལྷག་ནས་ཐོན་པའི་ཆེད་མཁས་པ་60ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ཞུགས། ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་བརྗོད་དོན་ནི་ཡིག་ཚགས་དང་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་དྲན་པ་ཞེས་པ་ཡིན་ལ། གྲོས་ཚོགས་སྟེང་གྲངས་ཉུང་མི་རིགས་ཡིག་ཚགས་རིག་པའི་རྨང་གཞིའི་གཞུང་ལུགས་དང་གྲངས་ཉུང་མི་རིགས་ཡིག་ཚགས་རིག་པའི་རིག་ཚན་མ་ལག་འཛུགས་སྐྲུན། གྲངས་ཉུང་མི་རིགས་ཡིག་ཚགས་ཐུན་ཁོངས་ཀྱི་འཛུགས་སྐྲུན་དང་སྲུང་སྐྱོབ། གསར་སྤེལ་དང་བཀོལ་སྤྱོད་སོགས་ཀྱི་བརྗོད་བྱའི་ཐད་ནས་བགྲོ་གླེང་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1