འཛམ་གླིང་ཞི་བདེའི་གླེང་སྟེགས་ཐེངས་3པ་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


        འཛམ་གླིང་ཞི་བདེ་གླེང་སྟེགས་ཐེངས་གསུམ་པ་ཉེ་ལམ་པེ་ཅིང་ཆིན་ཧྭ་སློབ་གྲྭ་ཆེན་མོ་རུ་འཚོགས། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི་བདེ་འཇགས་དང་ཞི་བདེ།   ཕན་ཚུན་བར་ཡིད་ཆེས།  འགན་འཁྲི་དང་ལེན་བཅས་ལ་མཉམ་དུ་རེ་སྙེག་བྱེད་དགོས་པ་དེ་རེད། ཕྱི་རྒྱལ་གྱི་སྔོན་ཆད་ཀྱི་མགོ་གཙོ་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ། རྒྱལ་ཁབ་ཕྱི་ནང་གི་རིག་གནས་པ་གྲགས་ཅན་བཅས་མི་500ལྷག་གླེང་སྟེགས་སུ་ཞུགས། གླེང་སྟེགས་སྟེང་ཚོགས་ཞུགས་མི་སྣས་ས་ཁོངས་མཉམ་ལས་དང་རྒྱ་མཚོ་ལྷོ་མའི་ས་ཁུལ་གྱི་བརྟན་འཇགས་དང་འཕེལ་རྒྱས་ཞེས་པ་དང་། འཇར་པན་གྱི་ཆབ་སྲིད་བདེ་འཇགས་ཀྱི་འཕེལ་ཕྱོགས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བདེ་འཇགས་ཞེས་པ། མཚོ་ཐོག་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྲུང་སྐྱོབ་བྱེད་པ་ཞེས་པ་སོགས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ཐད་ལ་གྲོས་བསྡུར་ཟབ་མོ་བྱས།
        འཛམ་གླིང་ཞི་བདེ་གླེང་སྟེགས་ཐེངས་3པ་ནི་ཀྲུང་གོའི་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་། དཔོན་ཕྱོགས་མིན་པའི་ལས་ཁུངས་ཀྱིས་རྩ་འཛུགས་བྱས་པའི་རྒྱལ་སྤྱིའི་བདེ་འཇགས་ཀྱི་མཐོ་རིམ་གླེང་སྟེགས་གཅིག་པུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1