ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་ཟུང་ཆུ་རྫོང་གི་ཁ་ཐག་རིང་བའི་བོད་ཁུལ་ཏུ་ཟབ་བཞུགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་གློག་རྡུལ་ཚོང་དོན་སྐོར་གྱི་ཤེས་བྱ་ཁྱབ་བསྒྲགས་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 10-28


        ཉེ་ཆར། གྲོང་གསེབ་ཀྱི་གློག་རྡལ་ཚོང་ལས་འཕེལ་རྒྱས་སུ་གཏོང་བ་དང་གོམ་གམ་མདུན་སྤོས་སྒོས་གྲོང་གསེབ་ཀྱིས་གློག་རྡུལ་ཚོང་དོན་བཀོལ་སྤྱོད་བྱེད་པ། དབུལ་སེལ་འགག་སྒྲོལ་བྱ་བར་ནུས་ལྡན་གྱི་སྒོ་ནས་སྐུལ་འདེད་གཏོང་བ། ཞིང་ལས་གཞན་སྒྱུར་རིམ་སྦར་དང་གྲོང་གསེབ་འཕེལ་རྒྱས་སུ་བཏང་ནས། ཞིང་བའི་ཡོང་འབབ་མཐོ་འདེགས་སུ་གཏོང་བར་སྐུལ་འདེད་གཏང་ཆེད། ཟུང་ཆུ་རྫོང་གི་གློག་རྡུལ་ཚོང་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་ལྷོ་ནུབ་ཚན་རྩལ་སློབ་ཆེན་གྱི་ཆེད་མཁས་པ་དང་ལྷན་ཕེབས་རྣམས་དམུ་དགེ་ས་ཁུལ་ཏུ་གློག་རྡུལ་ཚོང་དོན་སྐོར་གྱི་གསོ་སྦྱོང་བྱས།
        ཐེངས་འདུའི་གསོ་སྦྱོང་གི་ཁྲོད་དུ། གཙོ་བོ་ལྷོ་ནུབ་ཚན་རྩལ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་དང་ཟུང་ཆུ་རྫོང་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན། དེ་མིན་ཟུང་ཆུ་རྫོང་གློག་རྡུལ་ཚོང་དོན་གྱི་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཅས་ཀྱི་གཏིང་གཟབ་སྒོས་བགྲོ་གླེང་དང་མཉམ་ལས་བྱས་པ། གློག་རྡུལ་ཚོང་དོན་གྱི་ཤེས་བྱ་ཁྱབ་བརྡལ་དང་རྒྱ་བསྐྱེད་གཏོང་བ། ཚད་ལྡན་ངང་ཞིང་འབྲོག་མང་ཚོགས་ལ་སྔར་ལས་ལེགས་པའི་སྒོ་ནས་གློག་རྡུལ་ཚོང་ལས་ཀྱི་གཞི་རྩའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་གནས་བབ་ལ་རྒྱུས་ལོན་བྱེད་དུ་བཅུག་ཐོག བོད་ཁུལ་དུ་དཔལ་འབྱོར་གཞན་སྒྱུར་རིམ་འཕར་དང་། ཞིང་འབྲོག་མང་ཚོགས་ཕྱུགས་འགྱུར་གྱི་ལམ་ཏུ་བསྐྱོད་པར་རྨང་གཞི་བཏིངས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1