ཀྲུང་དབྱང་གིས་གྲོང་གསེབ་ཀྱི་ཉེན་ཁ་ཆེ་བའི་ཁང་པ་བཟོ་བཅོས་རྒྱག་པར་ཐད་ཀའི་ཁ་གསབ་དངུལ་སྒོར་དུང་ཕྱུར་230བཀོད་སྒྲིག་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


        སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ནས་ཉེ་དུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ། ས་གནས་ཁག་གིས་སྤྱི་ལོ་2014ལོའི་གྲོང་གསེབ་ཀྱི་ཉེན་ཁ་ཡོད་པའི་ཁང་པ་བཟོ་བཅོས་རྒྱག་པའི་ལས་དོན་ངེས་པ་དོན་གྱིས་བསྒྲུབས་དགོས་པའི་བླང་བྱ་བཏོན། བརྡ་ཐོའི་ནང་། ད་ལོ་ཀྲུང་དབྱང་གིས་ཁ་གསབ་དངུལ་སྒོར་དུང་ཕྱུར་230བཀོད་སྒྲིག་བྱས་ཏེ་རྒྱལ་ཡོངས་ཀྱི་དབུལ་པོའི་ཞིང་ཁྱིམ་ཁྲི་260ཉེན་ཁ་ཡོད་པའི་ཁང་པ་བཟོ་བཅོས་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། ས་གནས་ཁག་གིས་དུས་བཀག་གཏན་འཁེལ་གྱིས་མ་དངུལ་གྱི་དོ་དམ་དང་བེད་སྤྱོད་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་བྱ་དགོས་པ་དང་། གྲོང་གསེབ་ཀྱི་ཉེན་ཁ་ཆེ་བའི་ཁང་པ་བཟོ་བཅོས་བརྒྱབ་པའི་གྲུབ་འབྲས་དཔྱད་དཔག་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྐུལ་ལྕག་དང་ཚོད་འཛིན་གལ་ཆེ་མཉམ་དུ་འཛིན་པ་དང་། བྱ་དགའ་དང་ཆད་པ་ཟུང་འབྲེལ་བྱེད་པའི་མ་དངུལ་ཁག་བགོས་དང་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རིམ་པ་ལྟར་ལོ་འཁོར་གྱི་ལས་ཀའི་གྲུབ་འབྲས་དཔྱད་དཔག་བྱ་དགོས་ཞེས་བཏོན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1