ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གསལ་འགྲེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-28




1.ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བ།

        ཁྱོན་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་བསམ་བློས་ཏང་འཛུགས་པ་དང་ལམ་ལུགས་ཀྱིས་ཏང་སྐྱོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཅིག་བསྡུས་སྒོས་ཏང་སྲོལ་ལེགས་བཅོས་དང་ནན་གྱིས་རུལ་སུངས་ལ་ཆད་པ་བཅད་དེ། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་གཙང་དག་བྱས་པ་དང་ཏང་ནང་གི་ཆབ་སྲིད་འཚོ་བར་གནས་སྟངས་གསར་པ་མངོན་དུ་འཇུག་དགོས།

2.དབུ་ཁྲིད་ཀྱི་སྲོག་ཤིང་།

        ཏང་གི་དབུ་ཁྲིད་ལ་རྒྱུན་འཁྱོངས་བྱ་དགོས་ན་ཐོག་མར་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་དབུ་ཁྲིད་ལ་རྒྱུན་འཁྱོངས་བྱ་དགོས། རྒྱལ་ཁབ་ཅིག་དང་སྲིད་ཏང་ཞིག་ལ་མཚོན་ན། དབུ་ཁྲིད་སྲོག་ཤིང་བཅས་ནི་ཧ་ཅང་གལ་འགངས་ཆེ་བ་དང་།

ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཁྱོན་ཡོངས་ནས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཆབ་སྲིད་ཀྱི་འདུ་ཤེས། ཁྱོན་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། གཅིག་གྱུར་གྱི་འདུ་ཤེས་བཅས་སྲ་བརྟན་དུ་གཏང་དགོས།

3.ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ།

        ཏང་གི་ཏང་དོ་དམ་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་དོ་དམ་བྱ་དགོས། ནན་གྱིས་ཏང་སྐྱོང་བར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་དོ་དམ་བྱེད་པ་ནས་འགོ་བརྩམས་དགོས།

4.ཏང་ནང་ཁུལ་གྱི་ལྟ་སྐུལ།

        ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་དུས་ཡུན་རིང་པོའི་སྲིད་སྐྱོང་ཆ་རྐྱེན་འོག་རང་ཉིད་གཙང་འགྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བཅོས། རང་ཉིད་མཐོར་འདེགས་བཅས་ཀྱི་ནུས་པ་གོང་འཕེལ་དུ་གཏང་དགོས།

5.སྒྲིག་ཁྲིམས་ནན་སྲུང་།

        སྒྲིག་ཁྲིམས་ནན་སྲུང་ནི་ཏང་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་མཉམ་འགྲོས་སྒོས་མདུན་ཕྱོགས་སུ་བསྐྱོད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་པར་མ་ཟད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན།

6.ཏང་ནང་ཁུལ་གྱི་དམངས་གཙོ།

        ཏང་ནང་ཁུལ་གྱི་དམངས་གཙོ་ནི་ཏང་གི་སྲོག་རྩ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་བདེ་ཐང་ཡར་ཐོན་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན།

 7.རུལ་སུངས་ལ་ངོ་རྒོལ་བྱེད་པ།

        རུལ་སུངས་ལ་ངོ་རྒོལ་དང་། ལྐོག་ཟ་ལ་རྡུང་རྡེག་བྱེད་པ་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད། བཀག་སྡོམ་ཁུལ་མེད་པ་དང་ཁྱོན་ཡོངས་སུ་ཁེབས་པ། བཟོད་སྒོམ་མེད་པ་རྒྱུན་འཁྱོངས་བྱས་ཏེ་ཏང་ནང་ཁུལ་དུ་རུལ་སུངས་པའི་གབ་ས་གཏན་ནས་ཡོད་མི་རུང་།

 8.མཐོ་རིམ་ལས་བྱེད་པ།

        མཐོ་རིམ་ལས་བྱེད་པ་དང་ཁྱད་པར་དུ་ཀྲུང་དབྱང་འགོ་ཁྲིད་རིམ་པའི་ཁོངས་མིས་ངེས་པར་དུ་རང་དཔེ་གཞན་སྟོན་བྱ་དགོས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད།  སྣེ་ཁྲིད་དཔེ་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་དཔེ་སྟོན་བྱ་དགོས།

9.དབང་ཆའི་ལྟ་སྐུལ།

        ལྟ་སྐུལ་ནི་དབང་ཆ་ཡང་དག་པའི་སྒོ་ནས་འཁོར་རྒྱུག་བྱེད་པའི་གཞི་རྩའི་འགན་སྲུང་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན།

 10.མང་ཚོགས་ཀྱི་ལམ་ཕྱོགས།

        ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་མང་ཚོགས་ཀྱི་ལམ་ཐིག་ལག་བསྟན་བྱས་ཏེ། མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་པ་དང་དཀའ་ཁག་སེལ་ནས་མི་དམངས་ཀྱི་སྤྱི་ཞབས་པ་བཟང་པོ་ཞིག་བྱ་དགོས།

 11.དམངས་གཙོ་གཅིག་སྡུད་ལམ་ལུགས།

དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ཏང་གི་རྩ་བར་གྱུར་བའི་རྩ་འཛུགས་ཀྱི་རྩ་དོན་ཡིན་པར་མ་ཟད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་ལྡན་ངང་སྤེལ་བའི་ལམ་ལུགས་གྱི་འགན་སྲུང་གལ་ཆེན་ཞིག་ཡིན།

12.མི་སྣའི་འདེམས་བསྐོ་དང་བཀོལ་སྤྱོད།

        མི་སྣ་འདེམས་བསྒོ་དང་བཀོལ་སྤྱོད་བྱེད་པའི་ཁྲིད་སྟོན་ཡང་དག་པར་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་གྱིས་སྐྱོང་བའི་རྩ་འཛུགས་ཀྱི་འགན་སྲུང་ཡིན་ཏེ། ངེས་པར་དུ་རང་རྟོགས་ཀྱིས་མི་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་ཚུལ་མིན་བྱ་སྤྱོད་དང་ཕྱོགས་ལྷུང་སྣ་ཚོགས་ལ་དོགས་ཟོན་དང་ཡོ་བསྲང་བྱ་དགོས།

 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1