རྔ་བ་རྫོང་གིས་2016ལོའི་ཆའང་ལོ་བསུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-31


        སྤྱི་ཟླ་10པའི་ཚེས་28ཉིན། 2016ལོའི་ཆའང་ལོ་བསུ་བའི་བྱེད་སྒོ་འབར་ཁམས་གྲོང་ཁྱེར་ནས་གཟབ་རྒྱས་ངང་སྤེལ། འཁྲབ་སྟོན་པ་ཚོས་སྙན་ཞིང་འཇེབས་པའི་གླུ་དབྱངས་དང་སྟངས་སྟབས་ལེགས་པའི་ཞབས་བྲོ་ཡིས་ཆའང་རིགས་ཀྱི་བུ་དང་བུ་མོ་ཚོས་ཏང་གི་འོད་སྟོང་འཕྲོ་བའི་ཉི་ཟེར་འོག་གནམ་ལོ་གསར་པ་བསུ་བའི་དགའ་སྤྲོའི་རྣམ་པ་མཚོན་པར་མ་ཟད། ཏང་དང་མེས་རྒྱལ་ལ་དྲིན་གཟོ་དང་བསྟོད་གླུའང་ཕུལ་བ་རེད། 

        གླུ་དང་གར་གྱི་འཁྲབ་སྟོན་ལས་རྔ་བ་ཁུལ་གྱིས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་། ངོ་མཚར་དཔལ་གྱིས་ཕྱུག་པའི་རིག་གནས་བཤམས་སྟོན་སོགས་ཀྱིས་ལྟད་མོ་བ་རྣམས་དུས་ཆེན་གྱི་གཟི་དཔལ་ཁྲོད་ནས་དགའ་བ་འབུམ་གྱིས་མྱོས་པར་བྱས། །










དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1