གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༦ཉིན།

ཕུའུ་ཅིང་གིས་ཡུག་རེན་གྱི་དམག་མཚམས་བཞག་པའི་རྨང་གཞིའི་ ཐོག་ཕྱོགས་ཁག་གིས་གྲོས་འདེབས་བྱེད་འགོ་ འཛུགས་རྒྱུའི་གྲོས་འགོ་བཏོན།

2014ལོའི་ཟླ་6ཚེས་22ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་མོ་སི་ཁོས་ཨུ་རུ་སུའི་རྒྱལ་སྲུང་དམག་འཐབ་ལངས་ནས་ལོ་ངོ་73འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་དྲན་གསོ་དང་མྱ་ངན་ཞེས་པའི་བྱེད་སྒོར་ཞུགས་པ་མ་ཟད། ཡུག་རེན་གྱི་གནས་བབ་ཐད་ལ་གསུང་བཤད་གནང་། མིག་སྔར་གལ་འགངས་ཆེ་ཤོས་ནི་ཡུག་རེན་གྱི་དམག་མཚམས་འཇོག་པའི་རྨང་གཞིའི་ཐོག་གདོང་གཏུགས་ཕྱོགས་ཁག་གི་བར་ལ་གྲོས་འདེབས་བྱེད་པའི་སྟེགས་བུ་བཙུགས་ནས་ཕྱོགས་ཁག་ཚང་མས་དང་ལེན་བྱ་ཐུབ་པའི་མཐུན་ཐབས་བྱེད་ཐབས་ཞིག་འཚོལ་དགོས་པ་དང་། ཡུག་རེན་ཤར་རྒྱུད་དུ་འཚོ་བ་སྐྱེལ་བཞིན་པའི་མང་ཚོགས་ལ་རང་ཉིད་ནི་རྒྱལ་ཁབ་འདིའི་ཁ་བྲལ་ཐབས་མེད་པའི་ཆས་ཤིག་ཡིན་པའི་མྱོང་ཚོར་དང་རང་ཉིད་ལ་སྤྱི་དམངས་ཡོངས་ཀྱི་ཁེ་དབང་མྱོང་རྒྱུ་ཡོད་པའི་མྱོང་ཚོར་སྤྲོད་དགོས་ཀྱི་ཡོད་པ་དང་། ཡང་ཁེ་དབང་འདི་དག་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནས་འགན་ལེན་ཐུབ་པ་བྱ་དགོས་ཞེས་གསུངས།
ཕུའུ་ཅིང་གིས་ངོ་བོའི་རང་བཞིན་དང་དོན་ཉིང་ལྡན་པའི་གྲོས་འདེབས་བྱེད་པ་དེ་ནི་རྒྱལ་ཁའི་འགག་རྩ་ཞིག་ཡིན་ཞེས་གསུངས།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1