ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ཨེ་ལོ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-01


        སྤྱི་ཟླ་10པའི་ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ཨེ་ལོ་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་ཟླ་སྔོན་མར་ང་དང་སྲིད་འཛིན་ཨོ་ལང་ཏི་ཡིས་ཧང་ཀྲོའུ་ནས་གྲོས་མོལ་གནང་སྟེ་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་འབྲེལ་བའི་ཐད་ལ་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་ཞིང་།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཁ་ཕྱོགས་སྟོན་པའི་རྨང་གཞིའི་རྩ་དོན་དུ་གྱུར། ཀྲུང་གོའི་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཡོ་རོབ་མནའ་འབྲེལ་ལ་མཐོང་ཆེན་དང་། ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པར་རྒྱུན་འཁྱོངས་བྱེད་བཞིན་ཡོད། གཏིང་ཟབ་པའི་སྒོ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་མཛའ་འབྲེལ་ཆེན་མོ་བཞིའི་འབྲེལ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན། 
        ཨེ་ལོ་ཡིས་ཧྥ་རན་སི་དང་ཀྲུང་གོའི་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་ཡིན་ལ། ཧྥ་རན་སིའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ཧྥ་རན་སི་དང་ཀྲུང་གོའི་བཟོ་ཚོང་དང་དངུལ་འཇོག་འབྲེལ་བར་ཤུགས་སྣོན་བྱས་ཏེ་ཞིན་ཁི་ལི་ཅོ་ཉིང་རྡུལ་གློག་ཚིགས་སོགས་ཀྱི་ལས་གཞི་ལེགས་པར་ལག་བསྟར་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་དང་རྒྱུན་མཐུད་འཕེལ་རྒྱས། གྲོང་རྡལ་ཅན་གྱི་འཛུགས་སྐྲུན་སོགས་གཉིས་ཕན་མཉམ་ལས་ཐད་ལ་བགྲོ་གླེང་བྱས་པས་སློབ་གསོ་དང་བརྙན་འཕྲན་སོགས་ཁྱབ་ཁོངས་ཀྱི་མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1