དཀར་མཛེས་ཁུལ་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་ལ་གྲང་འགོག་དངོས་ཟོག་བསྐྱལ།

ཚ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 11-02


       

        དགུན་ཁ་ཐོན་ལ་ཉེ་དུས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་རྣམས་ཀྱི་ཐུགས་ཁུར་འོག  སྤྱི་ཟླ10པའི་ཚེས་31ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། དཀར་མཛེས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་བཀོད་སྒྲིག་བྱས་ཏེ། དཀར་མཛེས་ཁུལ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་གནོད་སྐྱོན་ཕོག་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་ལ་གྲང་འགོག་དངོས་ཟོག་གནང་བའི་བྱེད་སྒོ་སྤེལ་འགོ་ཚུགས།  རྒྱུས་ལོན་བྱུང་པ་ལྟར་ན། ཐེངས་འདིའི་བྱེད་སྒོའི་ཁྲོད་དཀར་མཛེས་ཁུལ་གྱི་ལི་ཐང་རྫོང་དང་། གསེར་ཤུལ་རྫོང་། གསེར་རྟ་རྫོང་། འབའ་ཐང་རྫོང་། བརྒྱད་ཟིལ་རྫོང་སོགས་རྫོང15ལ་གྲང་འགོག་དངོས་ཟོག་རླང་འཁོར་15བསྐྱལ།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1