དབྱི་རག་དམག་དཔུང་ཕྱོགས་ཀྱིས་ཧྲི་ཡེ་ཕྱོགས་ཁག་གི་གྲོང་རྡལ་གཙོ་བོ་བཅིངས་ འགྲོལ་བྱེད་རྒྱུ་ཡིན་པར་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


 
        ཟླ་6པའི་ཚེས་17ཉིན། དབྱི་རག་བདེ་འཇགས་དམག་དཔུང་དུ་ཞུགས་པའི་དང་བླངས་མཁན་གྱིས་དམག་དོན་རྟེན་གཞི་རུ་སྦྱོང་བརྡར་བྱེད་བཞིན་པ།
དབྱི་རག་བདེ་འཇགས་དམག་དཔུང་གི་མགྲིན་ཚབ་པས་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་དུས་ཚོད་འགའི་ནང་ངོ་ལོག་དྲག་ཆས་པས་བཙན་བཟུང་བྱས་པའི་དབྱི་རག་བྱང་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་གྲོང་ཁྱེར་གཙོ་བོ་ཐཱ་ཨར་ཨ་ཧྥ་ཨར་བཅིངས་འགྲོལ་བྱེད་རྩིས་ཡོད་ཟེར།
        མགྲིན་ཚབ་པ་དེས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་སྔོན་ལ་ཐཱ་ཨར་ཨ་ཧྥ་ཨར་གྲོང་ཁྱེར་ཡོངས་བཅིངས་འགྲོལ་བྱ་རྒྱུ་དང་། དེའི་རྗེས་སུ་བདེ་འཇགས་དམག་དཔུང་ངོ་ལོག་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱོ་སུའུ་ཨར་གྲོང་ཁྱེར་དུ་འགྲོ་རྒྱུའི་འཆར་གཞི་ཡོད།
       འདས་པའི་གཟའ་འཁོར་གཅིག་ལྷག་གི་དུས་ཚོད་ནང་དབྱི་རག་གི་ཞོང་ནེ་ཕྱོགས་ཁག་གི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པས་སྔ་གཞུག་ཏུ་མའོ་སུའུ་ཨར་གྲོང་ཁྱེར་དང་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཆེན་མོ་ཐིས་ཁི་ལི་ཐི། བྱང་ཕྱོགས་ས་ཁུལ་གྱི་ཐཱ་ཨར་ཨ་ཧྥ་ཨར་གྲོང་ཁྱེར་སོགས་དབྱི་རག་གི་གྲོང་ཁྱེར་འགའ་བཙན་བཟུང་བྱས་ཏེ། པཱ་ཀེ་ཏཱའི་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1