རོང་བྲག་རྫོང་གིས་དྲ་ཚོང་ལས་རིགས་ཀྱི་ཟབ་སྐྱོང་ཚོགས་འདུ་འཚོགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།དཀར་མཛེས་གསར་འགྱུར་དྲ་བ། སྤེལ་དུས། 11-02


     

         གློག་རྡུལ་ཚོང་དོན་གྱི་ཁྱབ་རྒྱ་ཇེ་ཆེར་གྱུར་བ་དང་རྒྱ་ཆེ་བའི་ཞིང་པ་རྣམས་ཀྱིས་གློག་རྡུལ་ཚོང་དོན་ལས་བཏོད་ཀྱི་འབྲེལ་ཡོད་ཤེས་བྱར་རྒྱུས་མངའ་ཡོད་པའི་ཆེད་དུ། ཉེ་ཆར།  རོང་བྲག་རྫོང་འཕེལ་སྒྱུར་ཅུས་ཀྱིས་ཡོད་ཟ་དང་ཉ་ག  བྲག་སྒོ་གྲོང་རྡལ་སོགས་སུ་གློག་རྡུལ་ཚོང་དོན་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱེད་པའི་གྲོང་རྡལ་ཟབ་སྐྱོང་ཚོགས་འདུ་ཐེངས་བཞི་ལ་འཚོགས་ཤིང་།  མི་320ལྷག་ཐེངས་འདིའི་ཟབ་སྐྱོང་ཁྲོད་ཞུགས།

        ཐེངས་འདིའི་ཟབ་སྐྱོང་ཁྲོད་ཟབ་སྦྱོང་པ་་རྣམས་ལ་གློག་རྡུལ་ཚོང་དོན་གྱི་རྨང་གཞིའི་ཤེས་བྱ་དང་ཞིང་སྡེའི་གློག་རྡུལ་ཚོང་གཉེར་བརྟེན་ནས་དབུལ་སེལ་མངོན་འགྱུར་བྱུང་བའི་ཉམས་མྱོང་ཐད་ནས་ཟབ་སྦྱོང་གནང་བར།   གློག་རྡུལ་ཚོང་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་མ་ཟད། ཚང་མས་དབུལ་སེལ་ཕྱུག་འགྱུར་གྱི་སེམས་འདུན་བརྟན་པོ་གྱུར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1