ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-03


        སྤྱི་ཟླ་11པའི་ཚེས་2ཉིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་པེ་ཅིང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོག་འགྲེལ་ལས་ཀ་ལེགས་པར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་གིས་རྩ་འཛུགས་བྱས་ནས་ཕྱོགས་བསྡུས་ཀྱིས་སྒྲོག་འགྲེལ་སྤེལ་བ་ནི་ང་ཚོའི་ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དང་མང་ཚོགས། མི་སེམས་ལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་གལ་ཆེ་བའི་ལས་ཀའི་ཐབས་ལམ་ཞིག་ཡིན་ཞིང་། ཐབས་ལམ་འདི་ལེགས་པར་སྤྱོད་པར་རྒྱུན་འཁྱོངས་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བརྒྱུད་སྒྲོག་བྱེད་པར་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བརྗོད་དོན་འདི་འབུར་དུ་ཐོན་པར་བྱ་དགོས། དེ་མིན་དངོས་ཡོད་དང་མཐུན་པར་གོ་བ་དང་དགོངས་དོན་ཁོང་དུ་ཆུད་པར་བྱ་དགོས་པར་མ་ཟད། སྒྲོག་འགྲེལ་གྱི་སྒྱུ་རྩལ་ལ་མཐོང་ཆེན་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱི་སེམས་ཁུར་ལ་དམིགས་ནས་གནས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་སྐུལ་འདེད་གཏོང་བའི་དགོས་ངེས་རང་བཞིན་དང་གལ་ཆེན་རང་བཞིན་གསལ་བོར་བཤད་དགོས་པ་དང་། ཚང་འཛོམས་གྲོས་འཚོགས་ལས་བསྟན་པའི་གཞུང་ལུགས་ཀྱི་ལྟ་བ་དང་བྱེད་ཕྱོགས་གལ་ཆེན་གསལ་བོར་བཤད་དགོས། ཚང་འཛོམས་གྲོས་ཚོགས་ལས་ཏང་ཡོངས་དང་ལྷག་པར་ཏང་ཡོན་ལས་བྱེད་པར་བཏོན་པའི་རེ་བ་གསལ་བོར་བཤད་དགོས། མདོར་བསྟན་ན་ཇི་ལྟར་ལྟ་བ་དང་ཇི་ལྟར་སློབ་པ། ཇི་ལྟར་བཤད་པ་གསལ་བོར་བཤད་དགོས་ཞེས་བསྟན།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་སྒྲོག་འགྲེལ་བྱ་འགུལ་ལ་རྩ་འཛུགས་ཞིབ་མོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་མཐོ་རླབས་ཤིག་སློང་བར་སྐུལ་འདེད་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱ་དགོས་ཞེས་ནན་གྱིས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1