ཞི་ཅིན་ཕིང་གིས་གྷི་ནེ་ཡའི་སྲིད་འཛིན་ཁུན་ཏའེ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-03


        སྤྱི་ཟླ་11པའི་ཚེས་2ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྷི་ནེ་ཡའི་སྲིད་འཛིན་ཁུན་ཏའེ་དང་གྲོས་མོལ་མཛད། 
        ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་57འགོར་བའི་རིང་ལ།  ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་མཛའ་མཐུན་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ཞིང་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་མང་གི་ཉམས་སད་ཐེག་པར་བྱས། ཀྲུང་གོ་ཕྱོགས་ཀྱིས་གྷེ་ནེ་ཡའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དང་དཔལ་འབྱོར་ཁ་གསབ་ཀྱི་ཁྱད་ཆོས་ཆེན་པོ་གཉིས་འདོན་སྤེལ་གང་ལེགས་བྱས་ནས། ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་འབྲེལ་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྟོབས་ཤུགས་གསར་པ་འདོན་འདོད་ཅེས་བསྟན། 
        ཁུན་ཏའེ་ཡིས་གྷི་ནེ་ཡའི་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་གྷི་ནེ་ཡ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། གྷི་ནེ་ཡའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ནུས་ཁུངས་དང་ཚན་རྩལ། ཞིང་ལས། ཆུ་གློག རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་རྒྱལ་སྐྱོང་སྲིད་འཛིན་ཐད་ནས་བརྗེ་རེས་བྱེད་པར་ཤུགས་སྣོན་བྱ་འདོད་ཅེས་བསྟན། 


རྩོམ་ཡིག་སྔོན་མ།
ཕག་གྲུའི་དུས་སྐབས།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1