ཕྱུགས་སྨན་གསར་པ་རོ་བདུན་བཤལ་གཅོད་ཐང་སྨན་མཛོད་དགེ་ནས་གསར་བཟོ་ལེགས་འགྲུབ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-04


        རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། མཛོད་དགེ་རྫོང་གི་བོད་ཀྱི་ཕྱུགས་སྨན་ཞིབ་འཇུག་ཁང་གིས་བཀྲག་རྩི་ཤིང་དང་། སེ་འབྲུ་པགས་པའི་སྨན་རྫས་སོགས་གཙོ་བྱས་པའི་རོ་བདུན་བཤལ་གཅོད་ཐང་སྨན་སྡེབ་སྦྱོར་བྱེད་ཐུབ་འདུག དེའི་ཕན་ནུས་གཙོ་བོ་ནི་བདེ་ཐང་ཕོ་བའི་བཤལ་གཅོད་དང་། ནོར་ལུག་ཆེ་ཆུང་ཀུན་གྱི་གྲང་བཤལ་ལ་ལྷག་ཏུ་ཕན་པར་བཤད། སྨན་འདི་ལ་རིན་གོང་དམའ་བ་དང་། སྨན་སྡུད་སླ་ལ། ཞོར་སྐྱོན་མེད་པ། རྗེས་མར་རྫོང་ཁོངས་ཀྱི་ཡུལ་གྲོང་19ལ་བེད་སྤྱོད་དང་ཁྱབ་གདལ་གཏང་རྒྱུ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1